
འདི་ནི་ཏང་ཡོན་ལས་བྱེད་པས་དཔལ་རི་སྡེ་ཁུལ་གྱི་ཡུལ་མིའི་སྒོ་རའི་ནང་གཙང་སྦྲ་བྱེད་བཞིན་པ།
ཉེ་ཆར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་དུ“མཛེས་སྡུག་ལྡན་པའི་སྒོ་ར་སྐྲུན། གྲོང་གསེབ་དར་རྒྱས་གཏོང་བར་གཞོལ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བར་བསྐྱོད་པ་རེད། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི“མཛེས་སྡུག་ལྡན་པའི་སྒོ་ར”གཏོད་པའི་ལས་དོན་ནང་ཞུགས་པའི་རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་བར་བྱས་ཏེ། མང་ཚོགས་ལ་སྐྱོན་བྲལ་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་འཇགས་པར་བྱ་རྒྱུ་དང་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ནས། མཛེས་སྡུག་ལྡན་པའི་འཕྱོངས་རྒྱས་འཛུགས་སྐྲུན་བྱེད་པར་རམ་འདེགས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་ཆེད་རེད།