[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བྱིས་པའི་སེམས་པ་ཏང་ལ་ཕྱོགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    2614009_huangzy_1655913600000_s.jpg

    ཉེ་ཆར་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡར་ལས་མཐའ་མཚམས་མངགས་གཏོང་ཁང་གིས་ཡར་ལས་ཤང་ལྟེ་བའི་སློབ་ཆུང་གི་དགེ་སློབ་ཚོ་གདན་དྲངས་ནས། ཁོང་ཚོར“བྱིས་པའི་སེམས་པ་ཏང་ལ་ཕྱོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཉེན་རྟོག་པའི་སྒར་ས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་དགེ་སློབ་ཀྱི་སྣེ་ཁྲིད་དེ་སྔ་རྗེས་སུ་མངགས་གཏོང་ཁང་གི་ཏང་གི་ལོ་རྒྱུས་ཀྱི་བར་ཁྱམས་དང་། སྲིད་གཙང་རིག་གནས་གྱང་། མི་དམངས་ཉེན་རྟོག་པའི་ལས་དོན་ཁུལ་སོགས་ལ་ལྟ་སྐོར་བྱས་ཏེ་དགེ་སློབ་ཚོར་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་ལས་ཀའི་རྒྱུན་གཏན་གྱི་གནས་ཚུལ་ངོ་སྤྲོད་བྱས་ནས། དགེ་སློབ་ཚོར་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་སྤྱོད་ཚུལ་བཟང་པོ་དང་རིག་གནས་ཀྱི་རྣམ་པ་བཟང་པོ་ཚོར་ཐུབ་པར་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། སློབ་མ་ཚོས་ཉེན་རྟོག་པའི་སྒར་སའི་རིག་གནས་ཉམས་སུ་མྱོང་བ་དང་། ཉེན་རྟོག་པའི་འཚོ་བ་དངོས་སུ་མྱོང་ཚོར། མཐོང་རྒྱ་ཆེ་རུ་ཕྱིན་པ། རྒྱལ་གཅེས་ཀྱི་བློ་སྟོབས་འཕེལ་བ། རྒྱལ་གཅེས་ཀྱི་དད་སེམས་བརྟན་དུ་ཕྱིན་པ་བཅས་བྱུང་ནས་ཁོང་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་གྱི་འགན་འཁྲི་ཕྲག་ཏུ་འཁུར་མཁན་མི་རབས་གསར་པར་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱས་པ་རེད། འདི་ནི་སློབ་མ་ཚོས་འཚོ་བའི་པར་རིས་ལ་ལྟ་སྐོར་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།