
སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ་དང་ཡུལ་སྲོལ་བཟང་པོར་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་རྫོང་ཨུད་ཀྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས། ན་གཞོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད། དིང་རིའི་ན་གཞོན་གྱིས་བྱ་སྤྱོད་སྤེལ་ཞེས་པའི་བརྗོད་དོན་གཙོ་བོའི་ཁོར་ཡུག་གཙང་སྦྲའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་ན་གཞོན་དང་བླངས་པས་གད་སྙིགས་ཚ་ཚ་འུར་འུར་ངང་སྒྲུག་པ་དང་འབྲེལ་གད་སྙིགས་རིགས་ཕྱེ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཅིང་། འདི་ནི་དིང་རི་རྫོང་གི་ན་གཞོན་དང་བླངས་པས་གད་སྙིགས་སྒྲུག་བཞིན་པ།