[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཤེས་དཔལ་དར་བའི་ཡུལ་སྨད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-29

    683548_yis_1574674417158.jpg

    ཉེ་བའི་ལོ་ཤས་རིང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད། རང་ལྗོངས་ཀྱིས“ཤེས་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཐོན་ཁུངས་བསྡུ་སྒྲིལ་དང་། ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། “ཞིང་པའི་དཔེ་དེབ་ཁང”དང“རྒྱལ་སྒོའི་དཔེ་དེབ་ཁང”སོགས་གཞི་རིམ་རིག་གནས་འཐབ་ས་ཤུགས་ཆེན་བསྐྲུན་ཏེ། རིག་གནས་དམངས་ཕན་འདུ་འགོད་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱས་པ་དང་འབྲེལ། སྤྱི་ཚོགས་ཡོངས་སུ་དཔེ་ཀློག་སློབ་སྦྱོང་གི་ཤེས་དཔལ་དར་སྲོལ་བཟང་པོ་ཧུར་ཐག་བསྐྲུན་ཡོད། འདི་ནི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ཚོས“རྒྱལ་སྒོའི་དཔེ་དེབ་ཁང”དུ་དཔེ་དེབ་ཀློག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།