[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དྲི་ཞིམ་ཐོན་རྫས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-11

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ས་གཙང་ཐོན་ལས་དེ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཐོན་ལས་གཙོ་བོར་བརྩིས་ཏེ་དམ་འཛིན་བྱས་ཤིང་། ཐོན་ལས་རོགས་སྐྱོར་བྱས་ནས་དབུལ་སྒྲོལ་བྱ་ཡུལ་གྱི“རང་བརྟེན”ནུས་པ་ཆེ་རུ་བཏང་བ་མ་ཟད། ད་དུང་ཁེ་ལས་ཀྱིས་རང་ཉིད་དང་འབྲེལ་བའི་ཐོན་ལས་སྤྱད་དེ་དབུལ་སྐྱོར་བྱ་ཡུལ་ལ་ཐོན་ཁུངས་ཡོད་པ་དང་། ཁྲོམ་ར་ཡོད་པ། དགེ་མཚན་ཆེ་ཙམ་ལྡན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་ཁོང་ཚོའི་ནང་གནས་སྒུལ་ཤུགས་དང་ལས་གཏོད་འབད་འབུངས་ཀྱི་སྙིང་སྟོབས་འཕེལ་བར་བྱས་པ་དང་སྦྲགས། དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟོབས་མགྱོགས་སུ་བཏང་ཡོད།

    678496_yis_1573362885662_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དྲི་མཆོག་དུང་དཀར་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་བཟོ་པས་རྒྱ་སེ་མེ་ཏོག་གི་དྲི་ཞིམ་ཆུ་ཐོན་སྐྱེད་འཁོར་ཁང་ནང་ལས་ཀ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།