[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བརྗོད་དོན་གཙོ་བོར་དམིགས་ནས་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    675397_yis_1572498873847_s.jpg

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། རང་ལྗོངས་ཀྱི་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་གིས་བརྗོད་དོན་གཙོ་བོར་དམིགས་པ་དང་འགག་རྩར་སྟངས་འཛིན་བྱས་ནས་འཕྲལ་སྒྲུབ་འཕྲལ་བཅོས་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མུ་མཐུད་དོན་འཁྱོལ་བྱས་པ་རེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཚད་གཞི་སྔར་ལས་མཐོ་བ་དང་དོན་གཉེར་སྔར་ལས་ཆེ་བ་དམིགས་ཚད་དུ་བྱས་ནས་གཏན་འབེབས་ཀྱི་བྱ་སྤྱོད་ཁག་ཏན་ཏིག་དང་གཏིང་ཟབ་སྤེལ་ཞིང་། འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པས་མཉམ་དུ་གྲོང་ཚོའི་ཏང་ཡོན་བྱེད་སྒོ་ཁང་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།