[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གངས་ལྗོངས་ས་མཐོར་མཉམ་འཛོམས་ཀྱིས། སྤོ་ལོར་བརྟེན་ནས་མཛའ་གྲོགས་སྐྱོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

    ཟླ་10ཚེས་19ཉིན་གྱི་སྔ་དྲོ། “རྒྱུད་གཅིག་ལམ་གཅིག”དང“སྣེའུ་གྲོང་ཁྱེར་མ་འཇོག་བུམ་པའི”ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྱིའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སྐབས་གཉིས་པ་བོད་རང་སྐྱོང་ལྗོངས་ཝང་ཆིའུ་སྤོ་ལོ་ཁང་དུ་འགོ་ཚུགས་པ་དང་། དུས་ཡུན་ཉིན་3གྱི་འགྲན་བསྡུར་དེ་ཚོགས་པའི་འགྲན་བསྡུར་དང་སྐྱེས་པའི་ཆ་རྒྱག་འགྲན་བསྡུར་གཉིས་ལ་དབྱེ་ཡོད།

    671701_yis_1571547042161.jpg

    འདི་ནི་ཟླ་10ཚེས་19ཉིན་པེ་ཅིང་རུ་ཁག་དང་ཀ་ཏ་མན་རྡུའི་རྩྭ་ཐང་ཝང་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གི་རུ་མིས་འགྲན་བསྡུར་བྱེད་བཞིན་པ།

    ད་ཐེངས་ཀྱི་འགྲན་བསྡུར་ནི་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཁང་གིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བ། སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་གྱིས་གཉེར་རོགས་བྱས་པ། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྲོང་ཁྱེར་མ་འཇོག་འཛུགས་སྐྲུན་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་རོགས་རམ་བྱས་པ་དང་འབྲེལ་ནེ་པ་ལའི་རྒྱལ་ཁབ་རྩྭ་ཐང་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས་མངགས་པའི་ཀ་ཏ་མན་རྡུའི་རྩྭ་ཐང་ཝང་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་དང་། བོད་ཀྱི་འཐུས་མི་རུ་ཁག པེ་ཅིང་གི་འཐུས་མི་རུ་ཁག ཀོང་ཏུང་གི་འཐུས་མི་རུ་ཁག་བཅས་ཆེད་མངགས་གདན་ཞུ་བྱས་ནས་འགྲན་བསྡུར་ལ་ཞུགས་ཤིང་།

    671702_yis_1571547042511.jpg

    འདི་ནི་བོད་ཀྱི་འཐུས་མི་རུ་ཁག་གི་རུ་མི་དང་ནེ་པ་ལའི་ཀ་ཏ་མན་རྡུའི་རྩྭ་ཐང་ཝང་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གི་རུ་མིའི་དབར་སྤེལ་རེས་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།