[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་སྙེ་མོས་གནའ་བོའི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་བཏོད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    666087_yis_1569823994224.jpg

    བོད་ལྗོངས་སྙེ་མོ་རྫོང་གི“མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང”སྟེ་མི་རིགས་བརྐོས་དཀྲོལ་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སིའི་ལས་མིས་བོད་ཡིག་དཔེ་ཆ་པར་འདེབས་བཞིན་པ།

    སྙེ་མོ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྐད་གྲགས་ཆེ་བའི་རིག་གནས་རྫོང་ཞིག་རེད། བོད་ཡིག་སྲོལ་གཏོད་མཁན་ཐོན་མི་སམ་བྷོ་ཊ་ཡི་ཕ་ཡུལ་ཡིན་པ་དང་། སྙེ་མོའི“སྤུས་རྟགས་གསུམ”སྟེ། སྤོས་དང་། བོད་ཤོག ཕུ་གསུམ་ཤང་གི་བརྐོས་དཀྲོལ་བཅས་ས་ཕྱོགས་གང་སར་སྐད་གྲགས་ཆོད་ཡོད། ད་ཆ། ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་པའི་རིག་གནས་ཤུལ་གཞག་ལས་ས་གནས་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་གོ་སྐབས་གསར་པ་སྦྱིན་ཡོད།

    གསར་འགོད་པ་ཞོ་ལེགས་བོད་ཤོག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་སྐབས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པའི་བོད་ཤོག་ལག་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེའི་བུ་རྒན་པ་སྐལ་བཟང་བསྟན་འཛིན་གྱིས་མ་བཅོས་རྒྱུ་ཆ་སྤྱང་དུག་རྡུང་བཞིན་པ་མཐོང་བྱུང་། དུག་ཤེད་ངེས་ཅན་ལྡན་པའི་སྐྱེ་དངོས་དེ་ལས་བྱུང་བའི་བོད་ཤོག་ལ“སྟོང་ལོའི་ཚེ་རིང་ཤོག་བུ”ཞེས་པའི་མཚན་སྙན་ཡོད།

    ཡིན་ནའང་། སྙེ་མོ་རྫོང་གི་བོད་ཤོག་ལག་རྩལ་སྐབས་ཤིག་རིང་སྟོངས་ལ་ཉེ་བར་གྱུར་ཡོད། དུས་རབས་20པའི་ལོ་རབས་80པར་རྒྱལ་ཁབ་ཀྱིས་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་གནའ་བོའི་ལག་རྩལ་དེ་གཞི་ནས་སླར་གསོ་འཕེལ་རྒྱས་བྱུང་ཡོད།

    ལོ་བཅུ་ཕྲག་ཁ་ཤས་རིང་། བོད་ཤོག་གི་ལག་རྩལ་ལ་རིམ་ཁག་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཕ་རྒད་པོས་འབད་བརྩོན་ཆེན་པོས་རྒྱུན་འཛིན་བྱས་པས་གཞི་ནས་དེར་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་འཕྲད་ཡོད།

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གྲངས་གཞི་ལས་མངོན་པར། 2018ལོའི་ལོ་མཇུག་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.8ལྷག་ཙམ་བཏང་སྟེ། བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་སྲུང་སྐྱོང་དང་ཐོ་བཀོད་སོགས་ཀྱི་ལས་དོན་ལ་སྤྱད་ཡོད་པ་རེད། 2015ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མ་དངུལ་ལོ་ལྟར་སྒོར་ཁྲི་1000ནས་ཁྲི་1200བར་མང་དུ་བཏང་ཡོད་པ་རེད།

    ད་ཆ། ཞོ་ལེགས་བོད་ཤོག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ཐོན་རྫས་སྣ་ཁ་7ཡོད་པ་དང་ལོ་ལྟར་བོད་ཤོག་ཁྲི་2ལྷག་ཙམ་བཟོ་གི་ཡོད་ཀྱང་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་མེད།

    ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་ཕུལ་བྱུང་གི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཤུགས་ཆེན་བཏང་བས་རིག་གནས་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། སྙེ་མོ་རྫོང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་10དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་25 མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཀྱི་འབྲེལ་ཡོད་མཉམ་ལས་ཁང་88བཅས་ཡོད་པ་དེ་དག་གིས་མི་1765ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཡོད།

    རིག་གནས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་དབུལ་པོའི་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་གཏོང་ཆེད། 2018ལོར། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཁག་དང་པོའི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་གཙོ་གནད་དབུལ་སྐྱོར་ས་ཁུལ་10གཏན་འཁེལ་བྱས་ནས། ས་གནས་དེ་གར་བཙུགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་ལ་རྒྱབ་སྐྱོར་བྱས་པ་དང་སྦྲགས་མ་དངུལ་དང་། དྲིལ་བསྒྲགས། འགྲེམས་ཚོང་སོགས་ལ་རོགས་སྐྱོར་ཡང་བྱས་ཡོད། 2019ལོའི་ཟླ་3པར། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུཌ་ཀྱི་ཁག་དང་པོའི་བཟོ་ཁང་10སྙེ་མོ་རྫོང་དུ་སྒོ་བྱང་བཀལ་ནས་བཙུགས་ཏེ། དུད་ཚང་111དང་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་556གི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

    མི་རིགས་བརྐོས་དཀྲོལ་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སི་ནི་དེའི་གྲས་ཤིག་ཡིན་ཞིང་། བརྐོས་དཀྲོལ་ཞིབ་ཚགས་པའི་སྟར་ཤིང་གི་གླེགས་ཤིང་རིམ་པ་བཞིན་བསྒྲིགས་ཡོད་པ་དང་། གླེགས་ཤིང་རེ་རེའི་རིང་ཚད་ལ་ལི་སྨི་65ཙམ་དང་ཞེང་ཚད་ལ་ལི་སྨི་12ཡོད། དེའི་སྟེང་དུ་བརྐོས་དཀྲོལ་བརྒྱབ་པའི་ཡི་གེ་དག་ཧ་ཅང་གསལ་བ་གསར་འགོད་པའི་མིག་ལམ་དུ་འཆར་བྱུང་།

    ལས་ཀ་མི་རྙེད་པ་ནས་རླངས་འཁོར་ཆུང་ངུ་བཏང་ནས་ལས་ཀར་བསྐྱོད་པ་དང་། ད་ཆ་བཟོ་ཁང་ནང་གི་ལས་མི་ཚང་མ་ཕྱུག་པོ་ཆགས་ཡོད་ཅེས་ཁྲང་ཀྲང་སྤེན་པས་བརྗོད།

    2018ལོའི་ཟླ་10པར། སྙེ་མོ་རྫོང་དབུལ་སྒྲོལ་ཐུབ་ཅིང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། 2019ལོའི་ཟླ་3པར། པེ་ཅིང་གི་བོད་སྐྱོར་མ་དངུལ་དང་རྒྱལ་ཁབ་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག མ་དངུལ་སྒོར་ཁྲི་4500བཏང་ནས་བཙུགས་པའི་སྙེ་མོའི་སྤོས་ཐོན་ལས་གླིང་དངོས་སུ་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་བཙུགས་པ་རེད།

    མིག་སྔར། བོད་དུ་དབུལ་སྒྲོལ་ཐུབ་པའི་རྫོང་55ཡོད་པ་དང་། སྔོན་དཔག་ལྟར་ན་འདི་ལོའི་ལོ་མཇུག་ཏུ་རྫོང་ལྷག་མ་19དབུལ་སྒྲོལ་ཐུབ་རྒྱུ་རེད། རིག་གནས་ཀྱི་ནང་དོན་ཟབ་མོ་ཡོད་པ་དེ་ནི་བོད་ཀྱི་གནད་སྨིན་དབུལ་སྐྱོར་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་འཇུག་གཞི་གལ་ཆེན་ཞིག་ལ་གྱུར་ནས་བཀྲག་མདངས་འཚེར་ས་རྒྱུན་ཆད་མེད་པར་མངོན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།