[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-18

    ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གསོ་གཉེར་རྒྱུར་སྐུལ་ལྕག་བཏང་བས། དམངས་གཉེར་སློབ་གསོ་ཟམ་མི་ཆད་པར་སྟོབས་ཆེར་སོང་ནས་རང་ལྗོངས་ཀྱིས་སློབ་གསོ་དར་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ལ་གྱུར་པ་དང་སློབ་རྒྱུས་སློབ་གསོའི་ཐད་རྒྱལ་ཁབ་ཀྱི་འགན་སྲུང་གཙོ་བོར་བྱེད་པ་དང་། སློབ་ཞུགས་གོང་གི་སློབ་གསོ་གོང་འཕེལ་འོས་འཚམ་གཏོང་བ། སློབ་གསོའི་གསོ་སྦྱོང་སྒྲིག་གཞི་ཁ་གསབ་ཏུ་བྱེད་པ། རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་ངེས་གནས་བླང་བྱ་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་རིམ་པ་མང་བའི་སློབ་གསོའི་དགོས་མཁོ་སྐོང་ཐུབ་པ་བཅས་ཀྱི་དེང་རབས་ཀྱི་དམངས་གཉེར་སློབ་གསོའི་མ་ལག་ཅིག་རགས་ཙམ་ཆགས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་དམངས་གཉེར་སློབ་གསོའི་སྒྲིག་གཞི་སྣ་ཚོགས་ཀྱི་ཆེད་བསྐོས་དགེ་རྒན་1747དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་26825ཟིན་ཡོད།

    659066_yis_1567998924233.jpg

    འདི་ནི་ལྷ་ས་བྱིས་པའི་ཕོ་བྲང་དུ་རྩོམ་ཡིག་ཟུར་ཁྲིད་སློབ་ཚན་འཚོག་བཞིན་པ།

    659065_yis_1567998923823.jpg

    འདི་ནི་སློབ་གྲྭ་བཟང་པོའི་སློབ་གསོ་གསོ་སྦྱོང་སློབ་གྲྭའི་དབྱིན་ཡིག་སློབ་ཚན་ཡིན་པ།

    ཉེ་ཆར། ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་དང་ལྷ་ས་རིག་གནས་ཡུལ་སྐོར་ཚོགས་པས་མཉམ་འབྲེལ་ཐོག་བཏོན་པའི་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ལྷ་ས་ཚེ་མཆོག་གླིང་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་ཁུལ་གྱི་གྱིམ་ཤིང་ཀོང་ཇོ་ཟློས་གར་ཁང་དུ་ནང་སྦྱོང་བདེ་བླག་བྱུང་བ་རེད།

    659064_yis_1567998923503.jpg

     འདི་ནི《གྱིམ་ཤིང་ཀོང་ཇོ》ནང་སྦྱོང་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།