[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་བོད་ཀྱི་གནད་སྨིན་བདེ་ཐང་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རོགས་རམ་བྱས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-18

    653468_yis_1566016905206.jpg

    འབྱུང་འགྱུར་ལོ་ལྔའི་ནང་བོད་དུ་རྒྱང་བསྟེན་གསོ་རིག་ས་ཚིགས་45བསྐྲུན་ཏེ་རྫོང་རིམ་པ་ཡན་གྱི་གཞུང་བཙུགས་སྨན་ཁང་ལ་ཁྱབ་པ་བྱ་རྒྱུ་རེད། འདི་ནི་ཟླ་8ཚེས་15ཉིན་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་རིགས་གཅིག་མཁས་ཅན་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་དུ་བསྐྱོད་དེ་མང་ཚོགས་དབུལ་པོར་འོས་འགན་སྨན་བཅོས་བྱེད་བཞིན་པ།

    ཚེས་16ཉིན་གྱི་སྔ་དྲོ། ལྷ་སར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་དང་《བདེ་ཐང་དབུལ་སྐྱོར་སྒྲོམ་གཞིའི་གྲོས་མཐུན》བཞག་ནས། འདི་ལོའི་ཟླ་བ་དགུ་པ་ནས་བཟུང་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་གཙོ་གནད་ཐོག་ས་མཐོར་ཐོན་མང་བའི་ནད་ལྔ་ལ་དམིགས་ཏེ་གནད་སྨིན་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱ་རྒྱུ་དང་འབྲེལ་རིག་ཚན་རོགས་རམ་དང་། ཤེས་ལྡན་པ་གསོ་སྐྱོང་། ལག་རྩལ་ཐོག་ནས་རོགས་སྐྲུན། སྒྲིག་ཆས་རྒྱབ་སྐྱོར། རྒྱང་བསྟེན་ཞབས་ཞུ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བོད་ཀྱིས་ཕྱོགས་ཡོངས་ནས་ནད་རིགས་ལྔ་འགོག་བཅོས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་དང་ས་གནས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་སྔ་ཙམ་ལེགས་འགྲུབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 

    ངོ་སྤྲོད་བྱས་པར་གཞིགས་ན། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་བོད་རང་སྐྱོང་ལྗོངས་དང་མཉམ་དུ་བདེ་ཐང་དབུལ་སྐྱོར་ལས་དོན་སྤེལ་ནས། “ནད་གཞིས་རྐྱེན་པས་དབུལ་པོ་ཆག་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག”གི་ས་གནས་ཀྱི་ནད་གཞི་གཙོ་བོ་དཔེར་ན། འདུས་འདྲིལ་གློ་གཅོང་གི་ནད་དང་། ནད་དུག་རང་བཞིན་གྱི་མཆིན་ནད། གྲུམ་བུའི་ནད(རུས་ཚིགས་ཀྱི་ནད)ཐུམ་འབུའི་ནད། གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ལ་དམིགས་ནས་དམག་ཡོངས་ཀྱི་གསོ་རིག་ཞིབ་འཇུག་སུའོ་ལྔ་དང་གནད་སྨིན་འབྲེལ་མཐུད་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ“ཞིབ་འཇུག་སུའོ་ལྔ”ཡིས“ནད་གཞི་རིགས་ལྔ”བཅོས་རྒྱུ་འགན་གཙང་ལེན་པ་དང་འབྲེལ་འདུལ་འདྲིལ་གཅོང་ནད་ཞིབ་བཤེར་ཚད་ལེན་དྲ་བ་དང་རྒྱང་བསྟེན་གསོ་རིག་དྲ་བ་སོགས་ལས་སྟེགས་བསྐྲུན་རྒྱུ་དང་། སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ་སོགས་གནད་སྨིན་རོགས་ཁྲིད་ལས་དོན་སྤེལ་ནས་ནད་བཅོས་རྒྱུ་གཙོ་བོར་བྱེད་པ་དང་འགོག་བཅོས་གལ་ཆེ་མཉམ་དུ་འཇོག་པ་དང་སྤྱི་ཚོགས་ཀྱི་ཐོན་ཁུངས་འགུགས་པའི་མཉམ་ཤུགས་འགག་སྒྲོལ་གྱི་ཕྱོགས་མང་དང་རིམ་པ་ཟབ་པའི་དམག་དམངས་གཞི་གཅིག་གི་བདེ་ཐང་དབུལ་སྐྱོར་མ་ལག་བསྐྲུན་རྒྱུ་རེད། 

    2020ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དང་བསྡུར་ནས། སྒྲོམ་གཞིའི་གྲོས་མཐུན་བཞག་རྗེས། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་གཙོ་གནད་དེ་ནད་གཞི་བཅོས་རྒྱུའི་ཐད་བཞག་སྟེ་དམག་ཡོངས་ཀྱི་རུས་ནད་ཚན་ཁག་གི་ཞིབ་འཇུག་སུའོ་དང་། མཆིན་མཁྲིས་ཕྱི་བཅོས་ཚན་ཁག་གི་ཞིབ་འཇུག་སུའོ། འགོ་ནད་ཞིབ་འཇུག་སུའོ། འདུས་འདྲིལ་གཅོང་ནད་ཞིབ་འཇུག་སུའོ། གྲུམ་བུའི་ནད་ཀྱི་ཆེད་ཚན་ལྟེ་གནས་བཅས་བྱེད་པོར་བྱ་རྒྱུ་དང་འབྲེལ་སྨན་ཁང་ཡོངས་ཀྱི་འབྲེལ་ཡོད་རིག་ཚན་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་ས་གནས་ས་ཐོག་ཏུ་ནད་བརྟག་སྨན་བཅོས་དང་། རྒྱང་བསྟེན་སྨན་བཅོས། ཤེས་ལྡན་མི་སྣ་གསོ་སྐྱོང་། སྒྲིག་ཆས་རོགས་སྐྲུན་སོགས་ཀྱི་བྱེད་ཐབས་བརྒྱུད། ནད་གཞི་བཅོས་པའི་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་རྒྱུ་རེད། 

    འགོ་ནད་འགོག་བཅོས་ཐད། བོད་རང་སྐྱོང་ལྗོངས་ཀྱི་རྫོང་45ཡན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་རོགས་རམ་བྱས་ཏེ་P2ཀྱི་ཚད་གཞི་དང་མཐུན་པའི་ཚོད་ལྟ་ཁང་བསྐྲུན་རྒྱུ་དང་འབྲེལ་བེད་སྤྱད་དེ་ཁ་གཏད་རོགས་སྐྱོར་བྱ་ཡུལ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་འགོ་ནད་རིག་ཚན་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཀྱི་འགོ་ནད་འགོག་བཅོས་ལྟེ་གནས་སྐྲུན་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། རྒྱང་བསྟེན་གསོ་རིག་དྲ་བ་བསྐྲུན་པའི་ཐད་རྒྱང་བསྟེན་གསོ་རིག་ས་ཚིགས་45རོགས་སྐྲུན་བྱས་ཏེ་རྫོང་རིམ་པ་ཡན་གྱི་གཞུང་བཙུགས་སྨན་ཁང་ལ་ཁྱབ་པ་བྱ་རྒྱུ་དང་འབྲེལ་རིན་པ་མི་དགོས་པར་རྒྱང་བསྟེན་གསོ་རིག་ཞབས་ཞུ་མཁོ་འདོན་བྱ་རྒྱུ ཤེས་ལྡན་མི་སྣ་གསོ་སྦྱོང་ཐད། ལོ་ལྟར་སློབ་ཡོན་མི་དགོས་པར་རང་སྐྱོང་ལྗོངས་ཀྱིས་འདེམས་གཏོང་བྱས་པའི་ཆེད་ལས་ལག་རྩལ་པ་100གསོ་སྦྱོང་བྱ་རྒྱུ་བཅས་རེད། གོམ་སྟབས་རྗེས་མར། སྨན་ཁང་གིས་ད་དུང་རང་ངོས་སྨན་བཅོས་ཀྱི་གྲངས་གཞི་ཆེ་མོའི་ཉེར་སྤྱོད་ལག་རྩལ་གྱི་རྒྱལ་ཁབ་ཀྱི་འདུ་འགོད་ཚོད་ལྟ་ཁང་གི་ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་དང་དམག་དཔུང་གི་ཆ་རྐྱེན་འཛོམས་པའི་སྨན་བཅོས་སྒྲིག་གཞིར་གྲངས་གཞི་ཆེ་མོའི་མཛོད་བསྐྲུན་ནས་མཉམ་འབྲེལ་སྒྲིག་གཞི་མཉམ་སྤྱོད་བྱ་རྒྱུ་དང་འགོ་ནད་དང་། ཡུལ་ནད། ལས་རིགས་ཀྱི་ནད་སོགས་ཁྱབ་ཁོངས་ཐད་ན་ལུགས་ན་རྐྱེན་རིག་པའི་བརྟག་དཔྱད་དང་ནད་གཞི་དབྱེ་ཞིབ་ཞིབ་འཇུག་སོགས་མཉམ་ལས་འགག་སྒྲོལ་གྱི་ལས་དོན་སྤེལ་ཏེ་གནད་སྨིན་དང་ཕན་ཆེའི་སྒོ་ནས་བོད་སྡོད་དཔུང་སྡེའི་དཔོན་དམག་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།