[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འཚར་ལོངས་ཟིན་བྲིས།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱིས་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་།    |    སྤེལ་དུས།   2019-08-18

    652364_yis_1565755519426.jpg

    མི་རྣམས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་སྦྱིན་ཀླུ་སྡེ་ཁུལ་ནང་བསྐྱོད་བཞིན་པ།

    652366_yis_1565755520016.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་བཙན་ཐང་སྡེ་ཁུལ་གྱི་བསྐྲུན་ཟིན་གྲབས་ཡོད་པའི་བ་ཚང་གསར་པ་ཡིན་པ།

    652365_yis_1565755519706.jpg

    ཕྲུ་གུ་ཚོ་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་བཙན་ཐང་སྡེ་ཁུལ་གྱི་ལུས་རྩལ་ཐང་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།

    ▶ རྩེད་ཐང་གྲོང་རྡལ་ནི་ཡར་ལ་ཤམ་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་མཚམས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་3560ཡོད།

    ▶ 2017ལོ་ནས་བཟུང་། ང་ཚོས་ཟླ་རེའི་ཚེས་10ཉིན་སྡེ་ཁུལ་དུ་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང་། ཟླ་རེའི་ཚེས་15དང་ཚེས་30ཉིན་འཚོ་བའི་གད་སྙིགས་གཅིག་སྡུད་ཐག་གཅོད་དང་། བཙོག་ཆུ་འཚོལ་བསྡུ་གཙང་གསིང་། གྲོང་ཚོ་སྔོ་འགྱུར་བཅས་བྱེད་ཀྱི་ཡོད།

    ▶ བསམ་གཏན་གྱིས།

    ང་ལོ་ན་གཞོན་དུས་གྲོང་ཚོར་སྡོང་རྐང་50ཙམ་ལས་མེད་པས། རི་ལྡེབས་ཚང་མ་སྐྱ་ཐེར་ཐེར་རེད། 2009ལོའི་སྔ་རྗེས་སུ་གྲོང་ཚོར་ཤིང་འཛུགས་ནགས་བཟོ་འགོ་ཚུགས་པ་དང་། ད་ལྟ་སྒོ་དོན་ན་ཚང་མ་སྔོ་ཐིང་ངེར་གནས་ཡོད། ཉེ་བའི་ལོ་གཉིས་ནང་མཁའ་རླུང་གི་བཞའ་ཚན་ཆེ་རུ་ཕྱིན་པ་དང་བྱ་བྱིའུ་མང་དུ་སོང་བའི་ཚོར་སྣང་མངོན་གསལ་དོད་པོ་འདུག

    ▶ ཚེ་རིང་དོན་གྲུབ་ཀྱིས། 

    མི་ཕྱུགས་ལོགས་དབྱེ་དང་ཕྱུགས་རིགས་གཅིག་སྡུད་འཚོ་སྐྱོང་བྱེད་པ་ལས་ལོ་ངོ་སྟོང་ཕྲག་མང་པོའི་རིང་མི་ཕྱུགས་མཉམ་དུ་སྡོད་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་ནས་དེང་རབས་ཀྱི་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད།

    དབྱར་དུས་བོད་ཀྱི་ལྷོ་རྒྱུད་རོང་ཁུལ་དུ་གྲོ་སྙེའི་རྦ་རླབས་འཕྱུར་བ་དང་སྔོ་ཐིང་ཐིང་གི་ཞིང་ཁ་རྣམས་མིག་ལམ་དུ་འཆར་འོང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་བཙན་ཐང་སྡེ་ཁུལ་ཁྲོམ་གཞུང་གི་གཞོགས་གཉིས་སུ་ལྗོན་ཤིང་དང་རྩྭ་རྩི་ཤིང་ཡལ་འདབ་རྒྱས་ཤིང་། ཕྲུ་གུ་ཚོས་སྡེ་ཁུལ་གྱི་ཐང་ཆེན་དུ་རྩེད་མོ་བརྩེས་ནས་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པས་ཁེངས།

    རྩེད་ཐང་གྲོང་རྡལ་ནི་ཡར་ལ་ཤམ་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་མཚམས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་3560ཡོད། 2015ལོར་རྩེད་ཐང་གྲོང་རྡལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྲོང་རྡལ་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གཉིས་པར་བཅུག་པ་རེད། ལོ་འདི་དག་རིང་། རྩེད་ཐང་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི“སྣེ་ཁྲིད་པ”ཡག་པོ་བྱས་ཏེ་དེང་རབས་ཅན་གྱི་ཕྱོགས་སུ་ཧུར་ཐག་བསྐྱོད་པ་རེད།

    ལོ་60ལ་སླེབས་པའི་བསམ་གཏན་སྔར་ནས་ད་བར་བཙན་ཐང་སྡེ་ཁུལ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཁོང་གིས“ང་ལོ་ན་གཞོན་དུས་གྲོང་ཚོར་སྡོང་རྐང་50ཙམ་ལས་མེད་པས་རི་ལྡེབས་ཚང་མ་སྐྱ་ཐེར་ཐེར་རེད། 2009ལོའི་སྔ་རྗེས་སུ་གྲོང་ཚོར་ཤིང་འཛུགས་ནགས་བཟོ་འགོ་ཚུགས་པ་དང་། ད་ལྟ་སྒོ་དོན་ན་ཚང་མ་སྔོ་ཐིང་ངེར་གནས་ཡོད། ཉེ་བའི་ལོ་གཉིས་ནང་མཁའ་རླུང་གི་བཞའ་ཚན་ཆེ་རུ་ཕྱིན་པ་དང་བྱ་བྱིའུ་མང་དུ་སོང་བའི་ཚོར་སྣང་མངོན་གསལ་དོད་པོ་འདུག”ཅེས་བཤད།

    ས་མཐོའི་ལྗོན་ཤིང་མང་ཆེ་བ་གནམ་ཆུར་རྟེན་དགོས་ཀྱི་ཡོད། ཡིན་ནའང་རྩེད་ཐང་གྲོང་རྡལ་གྱི་གྲོང་མིས་ཤིང་འཛུགས་ནགས་བཟོ་བྱས་ཏེ་ལམ་འགྲམ་ནས་རི་འདབས་བར་སྔོན་པོར་འགྱུར་ཚུལ་དངོས་སུ་མྱོང་ཚོར་ཐུབ་ཡོད། བསམ་གཏན་གྱིས“དེ་སྔོན་ང་ཚོས་ཞིང་ཁ་བཏབ་པ་དང་བ་ཕྱུགས་འཚོ་བ་ལས། ཤིང་འཛུགས་པའི་བསམ་བློ་དང་གོམས་གཤིས་མེད་ལ། བཏབ་ཀྱང་གསོན་ཁག་པོ་རེད། ད་ཆ་ཚང་མའི་ཤིང་འཛུགས་ཀྱི་ཧུར་སེམས་ཆེན་པོ་ཡོད་པ་མ་ཟད། ཆུ་རྒྱག་པ་དང་བདག་སྐྱོང་ལ་མཐོང་ཆེན་བྱེད་པས། འདི་ལོ་ས་ཆ་མུའུ་120དང་ཤིང་རྐང་700ལྷག་ཙམ་གསར་འཛུགས་དང་གསབ་འཛུགས་བྱས་ཡོད།

    བཙན་ཐང་སྡེ་ཁུལ་གྲོང་ཁྱེར་གྱི་ལྟེ་བ་དང་བར་ཐག་སྤྱི་ལེ་3ལས་མེད་ཀྱང་། དེ་སྔ“གད་སྙིགས་རླུང་བུས་འདེད་པ་དང་བཙོག་ཆུ་རླངས་འབུད”བྱེད་པར་རྟེན་དགོས་ཀྱི་ཡོད། ལོ་གཉིས་ཀྱི་གོང་རྩེད་ཐང་གྲོང་རྡལ་དང་བཙན་ཐང་སྡེ་ཁུལ་དུ་གཙང་སྦྲ་དོད་པའི་སྡེ་ཁུལ་གཏོད་འགོ་ཚུགས་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།

    བསམ་གཏན་ན་ནིང་སྡེ་ཁུལ་གྱི“ཁོར་ཡུག་མཛེས་བཟོ་མཁན”ལ་བདམས་པས་ཁོང་གིས་ཟླ་རེར་ཁྱིམ་མི་དང་ཁྱིམ་མཚེས་ཀྱི་སྣེ་ཁྲིད་དེ་ཤིང་འཛུགས་ནགས་བཟོ་དང་། སྒོ་ར་སྔོ་འགྱུར། གད་སྙིགས་གཙང་སེལ་སོགས་ཀྱི་ལས་དོན་སྤེལ་གྱི་ཡོད། “ལོ་འདི་དག་གི་རིང་རི་བོ་སྔོན་པོར་གྱུར་པ་དང་ཆུ་མོ་དྭངས་གཙང་དུ་གྱུར་པ་མ་ཟད། གད་སྙིགས་གང་བྱུང་དུ་སྤུངས་མཁན་དང་བཙོག་ཆུ་གང་སར་བཤོ་མཁན་མེད་པར། ཁང་པའི་རྒྱབ་མདུན་གང་སར་གཙང་ལ་གྲལ་འགྲིག་པས་ཚང་མའི་སེམས་པ་སྐྱིད་དུ་སོང་འདུག”ཅེས་བསམ་གཏན་གྱིས་བཤད།

    རྩེད་ཐང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས། 2017ལོ་ནས་བཟུང་། ང་ཚོས་ཟླ་རེའི་ཚེས་10ཉིན་སྡེ་ཁུལ་དུ་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང་། ཟླ་རེའི་ཚེས་15དང་ཚེས་30ཉིན་འཚོ་བའི་གད་སྙིགས་གཅིག་སྡུད་ཐག་གཅོད་དང་། བཙོག་ཆུ་འཚོལ་བསྡུ་གཙང་གསིང་། གྲོང་ཚོ་སྔོ་འགྱུར་བཅས་བྱེད་པ་མ་ཟད། ཁོར་ཡུག་དཔྱད་བསྡུར་ཡང་བྱས་ནས་བུད་ཤིང་གང་སར་འཇོག་པ་དང་། ཞིང་སྤྱོད་འགྱིག་ཤོག་རྙིང་པ་གང་སར་སྤུངས་པ། ཚལ་རུལ་ལོ་མ་གང་སར་དབྱུག་པ་སོགས་བཙོག་ཟིང་ཞན་གསུམ་གྱི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་པས། ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་ཐོན་ཡོད་ཅེས་བཤད།

    བསམ་གཏན་ལ་དགའ་བ་སྐྱེ་འོས་པ་ཞིག་ནི་སྣོད་བཅུད་ལེགས་སུ་དང་གྲོང་གསེབ་མཛེས་སུ་སོང་བ་ཁོ་ན་མིན་པར། འདི་ལོ་སྤོས་ནས་བེད་སྤྱོད་གཏོང་ཉེར་ཡོད་པའི་བ་ཚང་ཡང་བསམ་གཏན་དང་གྲོང་མི་ཚོའི་བློ་ལ་བབས་པོ་ཞིག་བྱུང་ཡོད།

    གསར་འགོད་པས་བཙན་ཐང་སྡེ་ཁུལ་དང་སྦྱིན་ཀླུ་སྡེ་ཁུལ་ནས་མཐོང་བར། མི་ཚོས་བྲེལ་བརྩོན་ཆེན་པོས་བ་ཚང་གསར་པ་སྐྲུན་བཞིན་ཡོད། ལོ་77ལ་སླེབས་པའི་བགྲེས་སོང་ཉི་མས་ལྕི་བ་གཙང་མར་ཕྱགས་ནས་ལོ་མཇུག་ལ་གྲོང་སྡེ་དང་བར་ཐག་སྨི་600ཡོད་པའི་ཆེད་སྤྱོད་ཀྱི་བ་ཚང་དུ་སྤོ་རྩིས་བྱེད་བཞིན་ཡོད་པ་རེད། “བ་ཚང་རྙིང་པར་རྫབ་དྲི་ངན་ལ་དུག་སྦྲང་མང་པོ་འདུག བ་ཚང་གསར་པར་ཁེར་རྐྱང་གི་བ་ཚང་ཡོད་པ་དང་། བ་ཚང་སོ་སོར་ཆེད་མངགས་ཆུ་མཁོ་འདོན་བྱེད་པའི་ཀ་ལ་ཡོད་པ་དང་། བ་ཚང་རེར་བ་ཕྱུགས་མགོ་གྲངས་50གཤོང་གི་ཡོད”ཅེས་ཉི་མས་བཤད།

    ཚེ་རིང་དོན་གྲུབ་ཀྱིས། མི་ཕྱུགས་ལོགས་དབྱེ་དང་ཕྱུགས་རིགས་གཅིག་སྡུད་འཚོ་སྐྱོང་བྱེད་པ་ལས། ལོ་ངོ་སྟོང་ཕྲག་མང་པོའི་རིང་མི་ཕྱུགས་མཉམ་དུ་སྡོད་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་ནས་དེང་རབས་ཀྱི་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད་ཅེས་བཤད།

    སྦྱིན་ཀླུ་སྡེ་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་མུ་མཐུད་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་1.6བྱས་ནས་སྣེ་གདོང་ཆུས་སུ་ནགས་ཚལ་ཁྱབ་ཚད་མང་ཤོས་ཀྱི་སྡེ་ཁུལ་དུ་གྱུར་ཡོད། 2017ལོར་སྦྱིན་ཀླུ་སྡེ་ཁུལ་གྱི་བསྐྱར་བཤེར་ཚད་ལོན་རྗེས། “རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”གྱི་གཟི་བརྗིད་མཚན་སྙན་མུ་མཐུད་ཉར་ཐུབ་ཡོད།

    “གྲོང་གསེབ་དར་རྒྱས་ཡོང་བར་གྲོང་ཚོའི་བཀོད་པ་བཅོས་སྒྲིག་གི་ཕྱིའི་རྣམ་པ་དགོས་ལ། སྡོད་མལ་དང་ལས་ཞུགས་ལ་འཚམ་པའི་ནང་གི་དོན་དངོས་དེ་བས་ཀྱང་དགོས” ཚེ་རིང་དོན་གྲུབ་ཀྱིས་ད་ཆ་སྡེ་ཁུལ་ཚང་མར་ཐོན་ལས་གཏན་འཁེལ་བྱས་ཡོད་པས། གྲོང་མི་རྣམས་ཉེ་སར་ལས་ཞུགས་ཐུབ་ནས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀར་འགྲོ་བ་འཕེལ་ཕྱོགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།

    བཙན་ཐང་སྡེ་ཁུལ་གྱི་སྤྱི་ཁྱབ་ཏང་ཀྲི་པུས་མང་ཚོགས་ཀྱི་སྣེ་ཁྲིད་ནས་བྱེ་ར་དང་ཞིང་འཕྲུལ་ཚོང་གཉེར་མཉམ་ལས་ཁང་སོགས་བཙུགས་ཤིང་། དེའི་ནང་བྱེ་ར་ནི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཡོང་ཁུངས་གཙོ་བོ་ཡིན་པས། 2018ལོར་ཡོང་འབབ་སྒོར་ཁྲི་440བཏོད་ཡོད་པ་དང་། 2018ལོར་བཙན་ཐང་སྡེ་ཁུལ་གྱི་ཡོང་འབབ་ཁྱོན་སྒོར་ཁྲི་995ཟིན་ཏེ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་22000བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།