[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ཀྱི་འབྲོག་ཁུལ་དུ་འོ་མ་འཇོ་བའི་དུས་ལ་སླེབས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    649971_yis_1565152601278.jpg

    དབྱར་དུས་སུ། བོད་ཀྱི་འབྲོག་ཁུལ་དུ་ར་མར་འོ་མ་བབ་པའི་དུས་ལ་སླེབས་ཤིང་། བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་ཕག་གྲུ་གོང་མའི་འབྲོག་སར་ཡུལ་དེ་གའི་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་འབྲོག་པ་ཚོས་ར་མའི་འོ་མ་འཇོ་ཡི་ཡོད།

    ར་མར་རིམ་པ་ལྟར་འོ་མ་བཞོ་ཆེད། འབྲོག་པ་ཚོས་འོ་མ་མ་བཞོས་བའི་ར་མ་རྣམས་མགོ་སྦྲེལ་བཏང་ནས་འོ་ཟོ་ཁྱེར་ཏེ་རིམ་པ་བཞིན་འོ་མ་འཇོ་ཡི་ཡོད། སྲོལ་རྒྱུན་གྱི་འོ་མ་འཇོ་སྟངས་འདི་རིགས་བོད་ཀྱི་འབྲོག་ཁུལ་དུ་ལོ་ངོ་སྟོང་ཙམ་རྒྱུན་མཐུད་ཡོད།

    མངའ་རིས་ས་ཁུལ་ནི་བོད་ཀྱི་འབྲོག་ལས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་ཞིང་། མངའ་རིས་ས་ཁུལ་ནས་ཐོན་པའི་མར་དང་། ཞོ། ནོར་ལུག་གི་ཤ་བཅས་བོད་ཀྱི་ས་ཆ་ཁག་ཏུ་བྲིན་ཚོང་བྱེད་ཅིང་། དེ་ནི་ཡུལ་དེ་གའི་འབྲོག་པའི་ཡོང་འབབ་གཙོ་བོ་རེད།

    འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་ཕག་གྲུ་གོང་མ་འབྲོག་སར་འབྲོག་མོས་འོ་མ་འཇོ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།