
དབྱར་ཟླ་འབྲིང་པོའི་དུས་སུ་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ཟུར་མཁར་གྲོང་ཚོའི་མུའུ་50ཡི་དྲོད་ཁང་ནང་གི་འབྲི་ཏ་ས་འཛིན་སྨིན་པའི་དུས་སུ་སླེབས། ད་ཕན་ལོ་ཤས་རིང་། གྲ་ནང་རྫོང་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྣོད་བཅུད་ལྟ་སྐོར་དང་ཤིང་འབྲས་ཐོན་སྐྱེད་ཁྱད་ལྡན་དུ་བྱེད་པའི་ཚན་རྩལ་རྣམ་པའི་དེང་རབས་ཞིང་ལས་ལ་སྣེ་ཁྲིད་ཧུར་ཐག་བྱས་པ་བརྒྱུད། ས་ཞིང་གི་ཐོན་ཁུངས་གང་ལེགས་སྤྱོད་ཐུབ་པ་བྱུང་བའི་ཁར་ལས་ཞུགས་དང་ཞིང་འབྲོག་པ་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་པ་བྱུང་ཞིང་། འདི་ནི་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ནོར་བུ་ཆོས་སྒྲོན་གྱིས་ཅང་ཕིང་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་དུ་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།