[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁྲུང་ཆིང་གིས་གད་སྙིགས་རིགས་དབྱེ་ནས་དབོར་འདྲེན་དང་ཐག་གཅོད་བྱེད་པའི་མ་ལག་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-23

    644480_yis_1563774589505_s.jpg

    གསར་འགོད་པར་ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། གད་སྙིགས་རིགས་དབྱེའི་ལས་དོན་ཡག་པོ་བསྒྲུབས་ཆེད། ཁྲུང་ཆིང་གྲོང་ཁྱེར་གྱིས་རིགས་དབྱེ་ནས་འཇོག་པའི་ཚོད་ལྟའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག་གད་སྙིགས་རིགས་དབྱེ་ནས་དབོར་འདྲེན་དང་ཐག་གཅོད་བྱེད་པའི་མ་ལག་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གད་སྙིགས་མཉམ་འདྲེས་ཀྱི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱས་ཤིང་། འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཨེར་ལང་ཁྲོམ་གཞུང་ཀང་ཆིའུ་ཁུལ་ཆུང་གི་འཚོ་བའི་གད་སྙིགས་དུས་བཀག་དང་གནས་གཏན་འཁེལ་གྱིས་རིགས་དབྱེ་ནས་འཇོག་སར་ཁྲུང་ཆིང་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་ཚོགས་པའི་གད་སྙིགས་རིགས་དབྱེའི་སྐོར་ཞིབ་པ་ལུའུ་ཤིང(གཡས་ཀྱི་དང་པོ)གིས་གྲོང་མི་རྣམས་ལ་གད་སྙིགས་རིགས་དབྱེའི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།