[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གཟའ་མཇུག་པད་ནག་ཏུ་གླིང་ག་གཏོང་བར་འགྲོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    640630_yis_1562732036750.jpg

    པད་ནག་གྲོང་ཚོའི་པད་ནག་སྣོད་བཅུད་གླིང་ག་ཡིན་པ།

    640634_yis_1562732038290.jpg

    པད་ནག་གྲོང་ཚོའི་བུད་མེད་ཀྱི་འབྲི་ཏ་ས་འཛིན་འདེབས་འཛུགས་མཉམ་ལས་ཁང་གི་དྲོད་ཁང་ཆེ་མོ།

    640635_yis_1562732038610.jpg

    ལོ་ལེགས་བྱུང་བས་པད་ནག་གྲོང་ཚོའི་གྲོང་མིའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ།

    640629_yis_1562732036400.jpg

    པད་ནག་གྲོང་ཚོའི་རྩམ་པ་འཐག་བྱེད་ཀྱི་ནས་ནག

    640628_yis_1562732036100.jpg

    པད་ནག་གྲོང་ཚོའི་དར་རྒྱས་ཚང་སྲོལ་རྒྱུན་སྐུ་བརྙན་སྒྱུ་རྩལ་མཉམ་ལས་ཁང་གི་ལས་མི་ལས་ལ་བྲེལ་བཞིན་པ།

    640633_yis_1562732037980.jpg

    སྟག་རྩེ་ཆུས་པད་ནག་གྲོང་ཚོའི་རྩམ་པ་ལས་སྣོན་མཉམ་ལས་ཁང་གི་ལས་མིས་རྩམ་པ་འཐག་བཞིན་པ།

    640632_yis_1562732037700.jpg

    གྲོང་མིས་པད་ནག་གྲོང་ཚོར་གླིང་ག་གཏོང་བཞིན་པ།

    640627_yis_1562732035800.jpg

    ཕྲུ་གུ་གཉིས་གྲོང་ཚོའི་ནང་རྩེད་མོ་རྩེ་བཞིན་པ།

    ལྷ་ས་ནི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཡིན་པས། དབེན་ཞིང་མཛེས་པའི་ས་ཆར་གླིང་ག་གཏོང་བར་འགྲོ་དགོས་ན་གྲོང་ཁྱེར་ནས་བྲལ་དགོས་ཀྱི་ཡོད།

    ས་ཆ་དེ་ནི་སྟག་གདོང་གྲོང་ཚོ་མིན་ལ། ཀྲི་དང་ཞལ་གླིང་ག་གཏོང་ས་ཡང་མིན། སྐད་གྲགས་ཆེ་བའི་ནོར་བུ་གླིང་ག་དེ་བས་མིན། དེ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་པད་ནག་གྲོང་ཚོ་རེད།

    རྒྱལ་ལམ་318བརྒྱུད། སྟག་རྩེ་རྫོང་གྲོང་དུ་འབྱོར་རྗེས། བདེ་ཆེན་གྲོང་རྡལ་སྲིད་གཞུང་ཤར་ངོས་ཀྱི་རྡོ་ཧྲུག་ལམ་བརྒྱུད་དེ་ལྷོ་ཕྱོགས་སུ་རླངས་འཁོར་སྤྱི་ལེ་5ཙམ་བསྐྱོད་ན་པད་ནག་གྲོང་ཚོར་འབྱོར་གྱི་ཡོད། པད་ནག་གྲོང་ཚོར་ཨ་ཁུ་སྟོན་པའི་གཏམ་རྒྱུད་དང་། ལོ་རྒྱུས་མི་སྣ་གཞན་དག་གི་ཤོད་རྒྱུན། ཟངས་སྐུ་བཟོ་བའི་ལག་རྩལ་སོགས་མང་དག་ཡོད། “ཀྲུང་གོའི་གྲགས་ཅན་གྲོང་ཚོ་ཆེ་གྲས་བཅུ”དང་བསྡུར་ཐབས་མེད་ནའང་སྨྱུག་འཛིན་པས་པད་ནག་གྲོང་ཚོར་བོད་ཀྱི“གྲགས་ཅན་གྲོང་ཚོ”ཞེས་བརྗོད་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་འབོར་ཆེན་བཏང་ནས་ཨ་ཁུ་སྟོན་པའི་རྟེན་རྫས་བཤམས་མཛོད་ཁང་དང་ཨ་ཁུ་སྟོན་པའི་སྤྲོ་གསེང་གླིང་ག་སོགས་ཀྱི་རྣམ་གྲངས་ཚུད་པའི་པད་ནག་རོང་གི་A4རིམ་པའི་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་འདུག

    མིག་སྔར། པད་ནག་སྣོད་བཅུད་གླིང་ག་དང་། པད་ནག་གྲོང་ཚོའི་ལྷ་མོ་རྩེ་དམངས་སྲོལ་སྤྲོ་གསེང་གྲོང་ཚོ། པད་ནག་གྲོང་ཚོའི་ཀུ་ཤུའི་ལྡུམ་ར། པད་ནག་གྲོང་ཚོའི་སྤྲོ་གསེང་གྲོང་ཚོ་སོགས་ཚུད་པའི་པད་ནག་གྲོང་ཚོའི་སྤྲོ་གསེང་གཏོང་ཡུལ་མང་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།