[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་བསལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ལས་རིགས་ཀྱི་ཐོན་ཁུངས་སྤྱི་འདོམས་ཀྱིས་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན། བདེ་ཐང་བཅས“མཐོར་གཏོང་བཅུའི”ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། རྣམ་གྲངས་བཀོད་སྒྲིག་ཐད་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཟིགས་སྐྱོང་གིས་འཐུང་ཆུ་སོགས་ཀྱི་གནད་དོན་སྔོན་ལ་ཐག་གཅོད་བྱས་ཤིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བསྡུ་སྒྲིལ་མ་དངུལ་སྒོར་དུང་ཕྱུར་6.6བཀོད་སྒྲིག་བྱས་ཏེ། འཐུང་ཆུའི་བདེ་འཇགས་ཀྱི་རྣམ་གྲངས་1067ལག་ལེན་བསྟར་བའི་ནང་མ་དངུལ་90%ཤིན་ཏུ་དབུལ་བའི་ས་ཁུལ་དུ་བཏང་ཡོད། 

    640640_yis_1562732094990.jpg

    འདི་ནི་རིན་སྤུངས་རྫོང་དཀའ་དྲུད་གྲོང་ཚོའི་ཡུལ་མི་ཀུན་བཟང་དབང་མོས“མཐོར་གཏོང་བཅུའི”རྣམ་གྲངས་ཀྱི་ཆུ་ལེན་ས་ནས་ཆུ་ལེན་བཞིན་པ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།