[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཞིང་ལས་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་བཏང་། གྲོང་གསེབ་གསར་པའི་མངའ་ཐང་གོང་དུ་འཕེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    639835_yis_1562558735094_s.jpg

    ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་དེ་བས་སྣེ་ཁྲིད་ཡག་པོ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་4200ལྷག་ཙམ་བཏང་ནས་ཆབ་མདོའི་རིག་གནས་ཡུལ་སྐོར་སྣོད་བཅུད་གླིང་ཐོག་མ་དེ་སྐྲུན་བཞིན་ཡོད། གླིང་ཁུལ་དེ་Aཁུལ་དང་Bཁུལ་གཉིས་སུ་དབྱེ་བ་དང་། Aཁུལ་ཉི་འོད་ཟ་ཁང་དང་། མེ་ཏོག་འདེབས་གསོའི་རྟེན་གཞི། སྐྱེ་ལྡན་སྔོ་ཚལ་རྟེན་གཞི་སོགས་ལས་གྲུབ་དང་། Bཁུལ་དུ་གཙོ་བོ་སྒོ་ཕྱུགས་དང་ཁྱིམ་བྱ་དང་ཤིང་འབྲས་དང་སྔོ་ཚལ་ཟོག་འགྲེམས་སྡེབ་སྐྱེལ་སོགས་འཆར་འགོད་བྱས་ཡོད། རྣམ་གྲངས་བསྐྲུན་རྗེས་དཀྱིལ་ཐང་གྲོང་རྡལ་གྱི་ཐོན་ལས་དབུལ་སྐྱོར་དཔེ་སྟོན་ཁུལ་དུ་གཏོད་རྒྱུ་ཡིན་ཞིང་།འདི་ནི་རིག་གནས་ཡུལ་སྐོར་སྣོད་བཅུད་གླིང་དུ་ལས་དོན་མི་སྣས་ཁམ་བུ་སྐྱེ་ཚུལ་ལ་ལྟ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།