[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་གསར་པར་སྐད་གསང་མཐོན་པོས་གླུ་དབྱངས་ལེན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-20

    634134_yis_1560917399076.jpg

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རིག་གནས་ཐིང་གིས་མཉམ་དུ་གཉེར་བའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”བའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང“གུང་ཁྲན་ཏང་སླེབས་རྗེས་སྡུག་བསྔལ་བདེ་ལ་གྱུར”བ་བརྗོད་དོན་གཙོ་བོར་བྱས་པའི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་དུ་དངོས་སུ་སྤེལ་འགོ་ཚུགས་ཤིང་། ལྟ་འདོད་ལ་ཉན་སྤྲོ་བའི་འཁྲབ་ཚན་ཐུང་གྲས་དང་། རྣམ་པ་སྣ་ཚོགས་ཀྱི་ཞབས་བྲོ། སྙན་ཞིང་འཇེབས་པའི་གླུ་དབྱངས་སོགས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕོ་འགྱུར་ཆེན་པོར་བསྟོད་གླུ་བླངས་པར་མང་ཚོགས་ཀྱིས་དགའ་བསུ་དང་བསྔགས་བརྗོད་ཚད་མེད་ཞུས་པ་རེད།

    འདི་ནི་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་གྲགས་ཅན་གཞས་མ་བདེ་སྐྱིད་མེ་ཏོག་གིས་མང་ཚོཌ་དང་མཉམ་དུ་གླུ་ལེན་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།