[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
 • རྫ་ཆུའི་འགྲམ་གྱི་ལོ་ངོ་སྟོང་གི་ཚྭ་ཞིང་།

 • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-03

  627104_yis_1559110057871.jpg

  འདི་ནི་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་གྲོང་མི་ལྷ་མཚོས་ཚྭ་ཞིང་ནས་ཚྭ་བསྡུ་བཞིན་པ།

  ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྫ་ཆུའི་འགྲམ་གྱི་གནའ་བོའི་ཚ་ཞིང་དུ་ད་བར་ཆེས་གདོད་མའི་ཚྭ་སྐམ་སྟངས་རྒྱུན་སྐྱོང་བཞིན་ཡོད་པ་དང་། རྫ་ཆུའི་ངོགས་གཉིས་ཀྱི་རི་འདབས་སུ་ཚྭ་ཞིང་བཟོས་ཡོད། ས་གནས་དེ་གའི་གྲོང་མི་ཚོས་ཀ་བ་མང་པོ་བཙུགས་ནས་ཚྭ་ཞིང་བཟོས་ཏེ་ཞིང་ཁར་ཆུ་སིམ་བདེ་བའི་ས་བརྒྱབ་ནས་ས་ཁོད་ལེགས་པར་སྙོམས་རྗེས། རྫ་ཆུའི་འགྲམ་གྱི་ཚྭ་ཁྲོན་དང་ཚྭ་རྫིང་ནས་ཚྭ་ཆུ་ཚྭ་ཞིང་དུ་དབོར་གྱི་ཡོད། དེ་ནས་ཚྭ་ཉི་སྐམ་བཏང་རྗེས་གཞི་ནས་ཚྭ་ཐོན་གྱི་ཡོད། རྒྱང་རིང་ནས་ཚྭ་ཞིང་ལ་ལྟ་སྐབས། དེ་དག་རིམ་པ་སྟར་ཆགས་བཞིན་རི་གཤམ་དུ་གནས་པ་དང་། ཚྭ་ཆུས་ཁེངས་པའི་ཚྭ་ཞིང་དག་མེ་ལོང་ལྟ་བུར་སྣང་། 

  --    --

  འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།