[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རྩལ་ནུས་སྦྱངས་ན་ལས་ཞུགས་ཐུབ་པར་སླ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    ལས་རིགས་སློབ་གསོ་འཕེལ་རྒྱས་ཆེན་པོ་གཏོང་རྒྱུ་ནི་སྤྱི་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་དེང་རབས་རྒྱལ་དམངས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དེང་རབས་སློབ་གསོ་སྐྱོན་བྲལ་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རིམ་ཁག་སྲིད་གཞུང་གིས་ལས་རིགས་སློབ་གསོའི་སྒྲིག་སྲོལ་དང་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བའི་རྨང་གཞིའི་ཐོག སློབ་གཉེར་བྱེད་སྟངས་སྔར་བས་སྒྱུར་བཅོས་བྱས་ཤིང་། སློབ་གཉེར་གྱི་གཞི་ཁྱོན་རྒྱ་ཆེར་བཏང་བས་ལྗོངས་ཡོངས་ཀྱི་ལས་རིགས་སློབ་གསོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    621308_yis_1557637211052_b.jpg

    འདི་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དངོས་སྦྱོང་ཁང་དུ་མ་བྱན་ཆེད་ལས་ཀྱི་སློབ་མས་དགེ་རྒན་གྱི་མཛུབ་སྟོན་འོག་ཚལ་སྡེར་ལ་མཛེས་རྒྱན་སྤྲོས་སྟངས་སྦྱོང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།