[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “སྐམ་མཚོའི་བགྲོད་ལམ་གསར་པའི”ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་དུས་གཏན་གྲུ་གཟིངས་རྒྱ་གར་གྱི་ཆེད་སྤྱོད་གྲུ་གཟིངས་ཐོག་མ་དེ་ཆན་ཀྲོའུ་གྲུ་ཁར་བརྒྱུད་འདྲེན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-17

    612640_yis_1555308058813.jpg

    ཁྲུང་ཆིང་ནས་གཏོང་འགོ་ཚུགས་པའི་ཀྲུང་ཤིན་མཉམ་སྦྲེལ་མཉམ་མཐུད་རྣམ་གྲངས“སྐམ་མཚོའི་བགྲོད་ལམ་གསར་པའི”རྒྱ་གར་གྱི་ཆེད་སྤྱོད་གྲུ་གཟིངས་ཐོག་ཀོང་ཤིས་ཆན་ཀྲོའུ་གྲུ་ཁ་ནས་དོས་སྒམ་བརྒྱུད་འདྲེན་བྱེད་འགོ་ཚུགས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་རྒྱ་གར་གྱི་ཆེད་སྤྱོད་གྲུ་གཟིངས་ཀྱིས་རིང་ཚད་ལ་ཁྲེ་ཙེ་40ཡོད་པའི་དོས་སྒམ་25སྐྱེལ་འདྲེན་བྱས་པ་དང་དངོས་ཟོག་གཙོ་བོ་ནི་རླངས་འཁོར་གྱི་ལྷུ་ལག་ཡིན་པ་དང་དངོས་ཟོག་རིན་ཐང་མི་དམངས་ཤོག་སྒོར་ཁྲི་800ལྷག་ཟིན་ཡོད། ཆན་ཀྲོའུ་གྲུ་ཁར་བརྒྱུད་འདྲེན་བྱས་རྗེས་མཚོ་ཐོག་སྐྱེལ་འདྲེན་བརྒྱུད་རྒྱ་གར་དུ་འབྱོར་གྱི་ཡོད་པ་དང་ལམ་དུམ་ཧྲིལ་པོར་ཉིན་20ལྷག་ཙམ་འགོར་གྱི་ཡོད་ཅིང་། འདི་ནི་ཀོང་ཤིས་ཆན་ཀྲོའུ་ཁྲལ་སྲུང་ཁུལ་གྱི་གྲུ་ཁ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།