[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཞིང་འབྲོག་ཐོན་ལས་ཅན་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-02

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞིང་འབྲོག་ལས་ཐོན་ལས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པས། ས་གནས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མགྱོགས་མྱུར་འཕར་བ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་ཕྱིན་ཏེ་ཐོན་ལས་ཅན་ལ་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། འབབ་འཕར། ཞི་མཐུན། བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པར་བསྐྱོད་པ་རེད།

    598493_yis_1551418763059_s.jpg

    འདི་ནི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་ས་གཙང་བདེ་ཐང་ཐོན་ལས་གླིང་དུ་ལས་མིས་དྲོད་ཁང་ནང་ཀྲོ་མ་ཀྲུ་འཐུ་བཞིན་པ།

    598494_yis_1551418763933_s.jpg

     འདི་ནི་ཡུལ་སྐོར་བས་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་ས་གཙང་བདེ་ཐང་ཐོན་ལས་གླིང་དུ་ལས་མིས་འབྲི་ཏ་ས་འཛིན་འཐུ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།