[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དུས་ཆེན་གོང་འཚམས་འདྲི་བྱས་ནས་བརྩེ་སེམས་བརྒྱུད་སྤྲོད་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-02

    591694_yis_1549001107135_s.jpg

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཐབས་ཤེས་སྣ་མང་ལ་བརྟེན་ནས་མ་དངུལ་སྒོར་ཁྲི་22ལྷག་ཙམ་གྲབས་གསོག་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། མ་མཐའི་འཚོ་བའི་འགན་ལེན་གྱི་མཐའ་ལུས་དུད་ཚང་། འགན་ལེན་གསུམ་གྱི་མི་སྣ། ཚེ་རིང་བའི་བགྲེས་སོང་། གཉིས་ལྡན་དུད་སྦྲེལ། མི་ཧྲེང་རྒན་རྒོན་དང་དེ་བཞིན་ཚོགས་ཆུང་ཁག་གི་ཙུའུ་ཀྲང་སོགས་ཁྱོན་བསྡོམས་མི་198ལ་དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་དང་འཚམས་འདྲིའི་དངུལ་སྤྲད་དེ་ཁོང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་བརྩེ་ཚོར་བར་བྱས་ཤིང་། འདི་ནི་སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣས་ཁོངས་གཏོགས་ཁུལ་གྱི་ནད་གཞི་ལྕི་པོ་ཕོག་པའི་མི་སྣར་འཚམས་འདྲི་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།