[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “ས་མཐོར་ནས་ཐོན་པ”ཞེས་པ་ནས“ཐོན་ལས་ས་མཐོ”ཡི་ཕྱོགས་སུ་བསྐྱོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-05

    573263_yis_1543899326531.jpg

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནས་ཀྱི་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་དམིགས་ཏེ་ཚན་རྩལ་སྟོབས་ཆེ་དང་། ཐོན་ནུས་རྒྱ་བསྐྱེད། ལས་སྣོན་ཞིབ་ཚགས། ཁྲོམ་རར་འདོན་པ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་ཐོན་ལས་སྣ་མང་ཅན་དང་ཞིབ་ཚགས་ཅན་གྱི་ཕྱོགས་སུ་ཚད་བརྒལ་བརྩོན་པ་དང་། ནས་ཀྱི་ཐོན་ལས་འཁོར་སྦྲེལ་ཟམ་མི་ཆད་པར་རྒྱ་བསྐྱེད། ནས་ཀྱི་ཐོན་ལས་གཞི་ཁྱོན་ཆེ་བ་དང་། རིམ་པ་སྤོར་བ། ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་སྒྱུར་རིམ་སྤོར་ཐུབ་པའི་ཁར། ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་ཧུར་ཐག་འགྱུར་བ་བྱས་ནས“ས་མཐོར་ནས་ཐོན་པ”ཞེས་པ་ནས“ཐོན་ལས་ས་མཐོ”ཡི་ཕྱོགས་སུ་བསྐྱོད་ཅིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བདེ་ཆེན་3900གཞིས་ཀ་ཚད་ཡོད་ཀུང་སིའི་ནས་ཕྱོགས་བསྡུས་ལས་སྣོན་ཐོན་སྐྱེད་འཁོར་ཁང་ནང་བཟོ་པས་འཕྲུལ་ཆས་ལ་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།