[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྤྲོ་སྣང་ལྡན་པའི་ལུས་རྩལ། ཁྱེད་དང་ང་ཡི་བདེ་ཐང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-02

    571993_yis_1543472378048_b.jpg

    བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དམངས་ཡོངས་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་ཉེ་ཆར་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས(བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས)དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་ཐོག་ཕིང་ཕང་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ། བྱ་སྒྲོའི་སྤོ་ལོ་སོགས་ཀྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་འགྲན་བསྡུར་བྱས་ཤིང་། 

    འདི་ནི་ཕིང་ཕང་སྤོ་ལོ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།