ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པ་ཁྲི་སྟོང་མང་པོས་ཚད་ཡོད་ཀྱི་དུས་ཚོད་ནང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ལ་ཕན་བདེ་སྒྲུབ་པ་དང་ལྷག་བསམ་རྣམ་དག་ངང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཆེད་སེམས་ནུས་ཡོད་རྒུ་བཏོན་ཞིང་། དམར་ཁམས་རྫོང་གྲུ་པ་ལུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་མངགས)གིས་མང་ཚོགས་ཀྱི་ལམ་ཕྱོགས་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་གླེང་མང་བ་དང་རེ་བ་ཆེ་ཤོས་བཅས་ཀྱི་གནད་དོན་བསྒྲུབ་རྒྱུ་ནས་འགོ་བཙུགས་ཏེ་དམངས་ལ་དྲོ་སྐྱིད་སྦྱིན་པའི་ལས་ལ་གཞོལ།

ལས་དོན་རུ་ཁག་གི་རུ་མིས(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་མངགས)གྲོང་ཚོ་ཨུ་ལྷན་དང་། ཚོགས་ཆུང་། གཉིས་ལྡན་དུད་སྦྲེལ་བཅས་ཀྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་སྒྲོག་འགྲེལ་བྱེད་བཞིན་པ།

ལས་དོན་རུ་མིས་གྲོང་ཚོའི་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་བྱས་ནས་ཏང་གི་བཀའ་དྲིན་མང་ཚོགས་ཀྱིས་ཚོར་བ་བྱས་པ།

གྲོང་སྡོད་ལས་དོན་རུ་ཁག(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་མངགས)གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་གྲོང་ཚོའི་ཁོར་ཡུག་ལ་གཙང་སྦྲ་བྱེད་བཞིན་པ།

ལས་དོན་རུ་ཁག་གིས་ཕྱོགས་ཁག་གི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་ཞིང་ཆུ་འདྲེན་པར་མཁོ་བའི་ལྕགས་མདོང་མང་ཚོགས་ལ་སྤྲོད་བཞིན་པ།