[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མང་ཚོགས་དང་སེམས་པ་གཅིག་ཏུ་སྦྲེལ་ནས་སྟོན་བསྡུ་རོགས་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-29

    554873_yis_1538109038041.jpg

    ད་ཕན་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ནས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ཡག་པོ་བྱེད་པ། ནས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་དང་ནས་ཚད་ལྡན་ཅན་དང་དེ་བཞིན་ཐོན་མཐོའི་གསར་གཏོད་དཔེ་སྟོན་ཞིང་ཁ་སོགས་ཀྱི་རྣམ་གྲངས་བསྐྲུན་པར་ནས་ཀྱི་ཐོན་ལས་རྐྱང་མ་འཕེལ་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད། སྟོན་བསྡུའི་དུས་ཚིགས་འཆར་བ་དང་ཉེ་ཆར་ལྷུན་གྲུབ་རྫོང་མི་དམངས་དྲག་ཆས་པུའུ་ཡིས་ཤང་དང་གྲོང་རྡལ་གྱི་ཡུལ་དམག་500ལྷག་ཙམ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ཏེ་ངལ་རྩོལ་ནུས་ཤུགས་དཀོན་པའི་གཞིས་སྲུང་དུད་ཚང་དང་དུད་ཚང་དབུལ་པོའི་ནས་ཞིང་མུའུ་6000ལྷག་ཙམ་བརྔ་བསྡུ་བྱེད་རོགས་བྱས་པར་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཅིང་། འདི་ནི་བྲེལ་བརྩོན་ཆེ་བའི་སྟོན་བསྡུ་བྱ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།