[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རླབས་ཆེན་གྱི་དུས་རབས་གསར་པ། བྱང་ཐང་གི་ངོ་མཚར་རྟ་རྒྱུག

    ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-24

    542517_yis_1534833275864.jpg

    བྱང་ཐང་རྟ་རྒྱུག་ལྟད་མོ་ཆེ། ། འགོ་ཚུགས་མཛད་སྒོ་ངོ་མཚར་ཆེ། །

    542514_yis_1534833273290.jpg

    གྱི་ལིང་རྟ་མཆོག་འགྲོས་དང་ལྷན། ། ཏང་དར་བསྒྲེངས་ནས་དྲིན་ཚོར་མངོན། །

    542515_yis_1534833274148.jpg

    རྟ་ཐོག་ཁ་བཏགས་སྒྲུག་པའི་རྩལ། ། དཔའ་དང་ལང་ཚོའི་སྟོན་མོ་ཡིན། །

    542518_yis_1534833276644.jpg

    ངོ་མཚར་རྟ་རྒྱུག་དུས་ཆེན་ཉིད། ། སྐུ་མགྲོན་དགའ་བའི་སྟོན་མོ་ལགས། །

    542519_yis_1534833277471.jpg

    ཁྱད་ལྡན་ཡུལ་ཟོག་ཐོན་རྫས་ཀྱིས། ། ཡུལ་སྐོར་བ་ཡི་ཡིད་དབང་འཕྲོག །

    542511_yis_1534833270669.jpg

    ཐོབ་དཀའི་གོ་སྐབས་དམ་འཛིན་གྱིས། ། ཏང་སྲིད་སློབ་སྦྱོང་བྱེད་ལ་བྲེལ། །

    542512_yis_1534833271480.jpg

    རྟ་ཐོག་མདའ་མོ་འབེན་ལ་ཕོག། ཕོ་རབ་རྩལ་ལག་འཛོམས་པའི་རྟགས། །

    542513_yis_1534833272354.jpg

    རྒྱུག་ཕྲུག་དཔའ་རྩལ་ཆེ་བའི་ཁར། ། རྟ་ཕོའི་བང་རྩལ་མཆོག་ཏུ་གྱུར། །

     ཟླ་བརྒྱད་པར་བྱང་ཐང་དུ་རྩྭ་ཆུ་འཛོམས་ཤིང་ནོར་ལུག་ཤ་ཤེད་རྒྱས་ཏེ་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། བྱང་ཐང་བུ་ཕྲུག་ཚོས་བཀྲ་ཤིས་དུས་ཆེན་ལ་གླུ་ལེན་གར་འཁྲབ་ཀྱིས་མེས་རྒྱལ་གྱི་བཀའ་དྲིན་ཚོར་བར་བྱས་ཡོད། ནག་ཆུ་གྲོང་ཁྱེར་གྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་དུས་སུ་བོད་བྱང་ཐང་གི་མི་རིགས་ཁག་གི་བུ་ཕྲུག་ཁྲི་50ལྷག་ཙམ་གྱིས“ས་ཁུལ་གྲོང་ཁྱེར་དུ་བསྒྱུར”རྗེས་ཀྱི་ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ཐེངས་དང་པོ་བསུས་པ་དང་། སྤྱི་ལེ་ངོས་གྲུ་ཁྲི་43ཡོད་པའི་བོད་བྱང་ཐང་གི་ས་གཞི་ཆེ་མོའི་ཕྱོགས་བཞི་མཚམས་བརྒྱད་ནས་དགའ་སྐྱིད་ཀྱི་དགོད་སྒྲ་གྲགས་ཏེ་དུས་ཆེན་གྱི་རྣམ་པ་ཟབ་མོས་ཁེངས་ཡོད།

    ཟླ་8ཚེས་10ཉིན་སྔ་དྲོར། ནག་ཆུ་གྲོང་ཁྱེར་གྱིས“མེས་རྒྱལ་གྱི་དུས་རབས་གསར་པ་དང་བྱང་ཐང་གི་འགོ་འཛུགས་ས་གསར་པ”ཞེས་པའི་བརྗོད་དོན་གཙོ་བོའི་2018ལོའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གཉེར་བ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པ་དང་། སྐད་གསང་མཐོ་བའི་འབྲོག་གླུ། སྟངས་སྟབས་ལེགས་པའི་ཞབས་བྲོ། རིན་ཐང་ཆེ་བའི་རྒྱན་གོས། ངོ་མཚར་ཆེ་བའི་རྟ་རྩལ་བཅས་ཀྱིས་བོད་བྱང་ཐང་ནག་ཆུའི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་བ་དང་མི་རིགས་ཁག་གི་བུ་ཕྲུག་གི་བདེ་སྐྱིད་ལྡན་པའི་འཚོ་བའི་ངོ་མཚར་གྱི་ལེའུ་ཕྱོགས་ཡོངས་ནས་མངོན་པར་བྱས་ཤིང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་ནག་ཆུ་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ལེགས་མངོན་པ་དང་། བོད་བྱང་ཐང་མི་དམངས་ཀྱིས་དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཏང་གི་བཀའ་དྲིན་དྲན་པ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་གང་ལེགས་མཚོན་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།