[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁྲི་ཚང་མར་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    539108_yis_1533444793646_s.jpg

    ལྷུན་གྲུབ་རྫོང་རྭ་སྒྲེང་དགོན་པའི་ཉམས་གསོ་ཆེ་མོ་བས་རིག་དངོས་ཉམས་གསོ་བྱེད་པ།

    539110_yis_1533444795736_s.jpg

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁྲོམ་གཞུང་ཞ་མོན་ཐང་ཆེན་དུ་རིག་གནས་ཅུས་ཀྱིས་སྣེ་ཁྲིད་བྱས་པ་དང་། གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང(མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས)དང་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པས་སྒྲུབ་འགན་འཁུར་བ། བྲག་ཡིབ་ཆུས་རིག་གནས་ཅུས་ཀྱིས་རོགས་སྤེལ་བྱས་པའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    539109_yis_1533444794566_s.jpg

    ཉམས་གསོ་ཆེ་མོ་བས་ས་སྐྱ་དགོན་གྱི་ལྡེབས་རིས་ཉམས་གསོ་བྱེད་པ།

    ད་ཕན་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་ལས་དོན་ལ་མཐོང་ཆེན་བྱས་ཏེ་མི་རྒྱུ་དངུལ་གསུམ་འབོར་ཆེན་བཏང་ནས་བོད་མི་རིགས་ཀྱི་རིག་གནས་ཤུལ་བཞག་མྱུར་སྐྱོབ་བྱས་པ་རེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་དངོས་བོད་སྐྱོར་ཚོགས་འདུ་སྔ་རྗེས་སུ་ཐེངས་གསུམ་འཚོགས་ཏེ། སྲིད་ཇུས་ཀྱི་གཟིགས་སྐྱོང་དང་། ཤེས་ལྡན་པ་གསོ་སྐྱོང་། མ་དངུལ་གཏོང་འཇོག སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ནས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད། དུས་རབས་20ཡི་ལོ་རབས་80ཚུན། རིམ་རྩིས་ལྟར་ན་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་7.3བཏང་སྟེ་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་གཙོ་བོ་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་མ་ཟད། རིག་དངོས་ཚན་པ་གཙོ་གནད་ཁག་གཅིག་ཉམས་གསོ་བྱས་ནས་སྒོ་མོ་ཡང་ཕྱེ་བ་རེད། 2001ལོ་ཚུན། རྒྱལ་ཁབ་ཀྱིས་སླར་ཡང་ཆེད་མངགས་མ་དངུལ་སྒོར་དུང་ཕྱུར་3.33བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་སོགས་གཙོ་གནད་རིག་དངོས་ཚན་པ་ཆེ་གྲས་གསུམ་ཉམས་གསོ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།