[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་དབྱར་གསེང་དགའ་གཏོང་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-01

    དབྱར་གསེང་རིང་གྲོགས་པོ་ཆུང་ཆུང་ཚོས་ཚན་རྩལ་ཁང་དང་། ལུས་རྩལ་ཁང་། རིག་གནས་སློབ་ཁང་། དཔེ་མཛོད་ཁང་། གསར་བརྗེའི་སློབ་གསོའི་རྟེན་གཞི་སོགས་སུ་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་བརྟེན་ནས་དོན་སྙིང་ལྡན་པའི་དབྱར་གསེང་དགའ་གཏོང་བྱེད་ཀྱི་ཡོད།

    537496_yis_1533016898781_s.jpg

     འདི་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་དཔེ་མཛོད་ཁང་ཞིག་ཏུ་གྲོགས་པོ་ཆུང་ཆུང་ཞིག་གིས་དཔེ་དེབ་ལྟ་ཀློག་བྱེད་པའི་གནས་ཚུལ་ཡིན་པ།

    537495_yis_1533016895801_s.jpg

    འདི་ནི་ཨན་ཕིང་རྫོང་གི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏང་ཀྲི་པུའི་དྲན་གསོ་ཁང་དང་པོར་འགྲེལ་བཤད་པ་ཆུང་ཆུང་ཞིག་གིས་ལྟད་མོ་བར་འགྲེལ་བཤད་བྱེད་པའི་གནས་ཚུལ་ཡིན་པ།

    537494_yis_1533016893867_s.jpg

     འདི་ནི་ཧའེ་ནན་ཞིང་ཆེན་དེང་རབས་བུད་མེད་དང་བྱིས་པའི་སྨན་ཁང་དུ་གྲོགས་པོ་ཆུང་ཆུང་ཞིག་གིས་གློ་སྙིང་གསོ་ཐབས་སློབ་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།

    537492_yis_1533016892166_s.jpg

     འདི་ནི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ལུས་རྩལ་ཁང་མདུན་གྱི་ལན་ཆིའུ་སྤོ་ལོ་རྒྱག་སར་གྲོགས་པོ་ཆུང་ཆུང་ཚོས་སྤོ་ལོ་ཁྲིད་སྟངས་སྦྱོང་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།