[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་ལྷོ་ཁས་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-29

    ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས“སྣོད་བཅུད་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་དུ་སྦྲེལ་བའི”འདུ་ཤེས་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་བྱས་ཏེ་ལྗང་མདོག་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བཏང་བ་རེད། གྲགས་ཅན་ཁེ་ལས་ཞུགས་པའི་སྣེ་ཁྲིད་འོག་གྲ་ནང་རྫོང་གིས་2016ནས་2017ལོ་བར་ལག་བསྟར་བྱས་པའི་ཐོན་ལས་འཆར་འགོད་རྣམ་གྲངས་21མིག་སྔར་ཚང་མ་ལས་མཇུག་འགྲིལ་ཡོད། ལྗང་མདོག་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་2017ལོར་གྲ་ནང་རྫོང་གི་དུད་ཚང་དབུལ་པོ་720ཡི་མི་2800ལ་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་1500བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་5300ཙམ་བྱུང་ནས་སྣོད་བཅུད་ཕན་འབྲས་དང་དབུལ་སྐྱོར་ཕན་འབྲས་ཡག་པོ་ཐོན་ཞིང་།

    535477_yis_1532495472845.jpg

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་གནས་པའི་མུའུ་ཁྲི་ཟིན་པའི་སྡོང་ཕྲུག་རྟེན་གཞི་ཡིན་པ།

    535478_yis_1532495474779.jpg

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་གྲོང་མིས་ཅང་ཕིང་ཞིང་ལས་སྒྲོམ་སྟེགས་ཀྱི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིར་འབྲི་ཏ་ས་འཛིན་ལ་གཡོག་བྱེད་བྱེད་པའི་གནས་ཚུལ་ཡིན་པ།

    535476_yis_1532495470801.jpg

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་གི་གྲོང་མིས་མུའུ་ཁྲི་ཟིན་པའི་སྡོང་ཕྲུག་རྟེན་གཞིར་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།