[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཚེས་26ཉིན་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་ལ་གསེར་གྱི་རྟགས་མ་ཐོབ་མཁན་10བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-28

    536325_yis_1532668737977.jpg

    འདི་ནི་འགྲན་ཞུགས་རུ་མིས་སྐྱེས་པའི་སྨི་10000ཡི་རྒྱང་རྒྱུག་འགྲན་བསྡུར་བྱེད་པའི་གནས་ཚུལ་ཡིན་པ།

     གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཚེས་26ཉིན་ཁྱོན་གསེར་གྱི་རྟགས་མ་ཐོབ་མཁན་10བྱུང་ཡོད།

    མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ནང་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་མིག་དམར་སངས་རྒྱས་ལ་སྐྱེས་པའི་ལྕགས་སྒོར་གྱི་གསེར་གྱི་རྟགས་མ་ཐོབ་པ་དང་། སློབ་གསོའི་ལས་དོན་ཁོངས་གཏོགས་ཀྱི་འཐུས་མི་ཚོགས་པའི་ལོའུ་དབྱིང་ལ་བུད་མེད་ཀྱི་རྒྱང་མཆོང་གི་གསེར་གྱི་རྟགས་མ་ཐོབ་པ། ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་སྐྱེས་པའི་སྨི་4×400ཡི་གསེར་གྱི་རྟགས་མ་ཐོབ་པ་དང་། ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་བུད་མེད་ཀྱི་སྨི་4×400ཡི་ཚོགས་པའི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་པ། སློབ་གསོའི་ཁོངས་གཏོགས་དང་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་ཚེ་རིང་མཚོ་མོར་བུད་མེད་ཀྱི་སྨི་3000ཡི་གསེར་གྱི་རྟགས་མ་ཐོབ་པ། སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་མི་ཚོགས་པའི་ཤེ་ལེ་ཆང་ལ་སྐྱེས་པའི་སྨི་200ཡི་གསེར་གྱི་རྟགས་མ་ཐོབ་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་བདེ་སྐྱིད་ལ་བུད་མེད་ཀྱི་སྨི་200ཡི་གསེར་གྱི་རྟགས་མ་ཐོབ་པ། ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་རིན་ཆེན་སྒྲོལ་མར་བུད་མེད་ཀྱི་འཕེན་མདུང་གི་གསེར་གྱི་རྟགས་མ་ཐོབ་པ། གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་རྟ་མགྲིན་ཚེ་དབང་ལ་སྐྱེས་པའི་སྨི་10000ཡི་གསེར་གྱི་རྟགས་མ་ཐོབ་པ། སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་མི་ཚོགས་པའི་སུང་ཤའོ་ལ་སྐྱེས་པའི་རྒྱང་མཆོང་གི་གསེར་གྱི་རྟགས་མ་ཐོབ་ཡོད།

    ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འགྲན་བསྡུར་ཁག་མུ་མཐུད་སྤེལ་ཞིང་། ཚེས་26ཉིན་ལུས་རྩལ་པས་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་འགྲན་བསྡུར་ས་ཚིགས་ཁག་ཏུ་འགྲན་རྩོད་དྲག་པོ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།