
སྨན་དོན་མི་སྣ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བོད་སྐྱོར་སྨན་དོན་ཤེས་ལྡན་མི་སྣས་རང་ལྗོངས་སུ་སྔོན་ཐོན་གྱི་སྨན་བཅོས་འདུ་ཤེས་དང་སྨན་བཅོས་ལག་རྩལ་ཁྱབ་གདལ་བཏང་སྟེ་རང་ལྗོངས་ཀྱི་ལག་རྩལ་བྱང་ཆུབ་པའི་ལས་སྒོའི་རྐང་འཛིན་ཁག་གཅིག་གསོ་སྐྱོང་བྱས་པ་དང་རང་ཉིད་ཀྱི་དཀའ་སྤྱད་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཅིང་། འདི་ནི་པེ་ཅིང་གྲོང་ཁྱེར་ཁྲུའེ་དབྱང་ལིའུ་སྨན་ཁང་གི་བོད་སྐྱོར་སྨན་པ་ཝུའུ་ཝུའེ(གཡོན་གྱི་གསུམ་པ)ཡིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་གི་སྨན་པ་དང་མཉམ་དུ་ནད་པར་བརྟག་དཔྱད་བྱེད་པ།