[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་དེང་རབས་ཞིང་ལས་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    521443_yis_1528781263168.jpg

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལུང་ཤུར་དམར་པོའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་གཙོ་གནད་ཐོན་ལས་རྣམ་གྲངས་ཀྱི་གྲས་ཤིག་རེད་ལ་རྒྱལ་རྩེ་རྫོང་གིས་སྲོལ་རྒྱུན་ཞིང་ལས་རྫོང་ཆེན་ནས་དེང་རབས་ཞིང་ལས་ཀྱི་རྫོང་སྟོབས་ཆེན་དུ་འགྱུར་ཐབས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། 2014ལོའི་ཟླ་བརྒྱད་པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པའི་དཔེ་སྟོན་ཁུལ་དེར་རྒྱ་ཁྱོན་མུའུ་ཁྲི་6ཡོད་པ་དང་དེ་ཁོངས་སུ་ཤང་དང་གྲོང་རྡལ་3དང་། སྲིད་འཛིན་གྲོང་ཚོ་8 ཞིང་དུད་2476བཅས་ཡོད། ཚད་ལྡན་ཅན་གྱི་ཉི་འོད་དྲོད་ཁང་དང་ལྗོངས་ཡོངས་ཀྱི་ཆེས་སྔོན་ཐོན་གྱི་འཕྲུལ་ཆས་ཅན་གྱི་མྱུག་གསོ་ལྟེ་གནས་བསྐྲུན་པའི་དཔེ་སྟོན་ཁུལ་དེས་ལྗང་མདོག་སྤུས་ལེགས་ཀྱི་ཀྭ་རིགས་དང་། སྔོ་ཚལ་རིགས། ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་བཅས་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་གཏོང་གི་ཡོད། འདི་ནི་ལག་རྩལ་མི་སྣས་མེ་ཏོག་ལ་གཡོག་བྱེད་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།