[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གློག་སྒུལ་འཁོར་རིགས་དེ་བས་བདེ་འཇགས་ཡོང་བ་བྱ་ཆེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-12

    azgl8641_s.jpg

    འདི་ནི་མེ་ཟོན་ལྟ་སྐུལ་ཁྲིམས་འཛིན་མི་སྣས་དྲིལ་བསྒྲགས་བརྡ་ཡིག་སྦྱོར་བའི་གནས་ཚུལ་ཡིན་པ།

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་གི་མེ་ཟོན་ལྟ་སྐུལ་ཁྲིམས་འཛིན་མི་སྣས་སྡེ་ཁུལ་དང་། ཚོང་ར། ཁྲོམ་ར། བོགས་གཏོང་ཁང་པ། མགྲོན་ཁང་། ཟ་ཁང་སོགས་སུ་བསྐྱོད་དེ་གློག་སྒུལ་འཁོར་རིགས་ཀྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་པ་དང་འབྲེལ། གློག་སྒུལ་འཁོར་རིགས་ཀྱི་མེ་སྐྱོན་སྔོན་འགོག་ལ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་བདེ་འཇགས་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད། བྱེད་སྒོ་སྤེལ་རིང་། མེ་ཟོན་ལྟ་སྐུལ་ཁྲིམས་འཛིན་མི་སྣས་གློག་སྒུལ་འཁོར་རིགས་འཇོག་གྲངས་དང་གློག་གསོག་བདེ་འཇགས་ཀྱི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ། སྡེ་ཚན་ཁག་ལ་གློག་སྒུལ་འཁོར་རིགས་འཇོག་ས་དང་གློག་གསོག་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་སྒྲིག་འགལ་ངང་གློག་སྒུལ་འཁོར་རིགས་འཇོག་པ་དང་གློག་གསོག་པའི་བྱེད་སྤྱོད་གཏན་འགོག་ནན་པོ་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།