[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྤྲོ་སྣང་དོད་པའི་ཁྱིམ་ཚང་གཅིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-12

    521033_yis_1528693763224.jpg

    ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་ཡང་རྫོང་སི་ལའང་གྲོང་རྡལ་ཐེན་ལིང་གྲོང་ཚོའི་ནགས་ཚལ་སྟུག་པོའི་ཁྲོད་བྱ་ཀྲུའུ་ཧོན་ཁྱིམ་ཚང་གཅིག་འཚོ་སྡོད་བྱས་ནས་ཡོད། སྐྱེས་ནས་ཟླ་ཕྱེད་ལས་མ་སོང་བའི་བྱ་ཕྲུག་གཉིས་ལ་ཕ་མ་གཉིས་ཀྱི་ལྟ་སྐྱོང་འོག་ཉིན་རེ་བཞིན་འཚར་ལོངས་བྱུང་བཞིན་ཡོད། “བྱ་ཀྲུའུ་ཧོན་གྱི་ཕ་ཡུལ”ཞེས་བརྗོད་པའི་ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་ཡང་རྫོང་གི་གཙང་འགྲམ་དང་། ཞིང་ནང་། ནམ་མཁའ་བཅས་སུ་རྩ་ཆེའི་བྱ་རིགས་བྱ་ཀྲུའུ་ཧོན་གྱི་གཟུགས་བརྙན་མཐོང་རྒྱུ་ཡོད།

    བྱ་རིགས་ཀྱི“ཤར་ཕྱོགས་ནོར་རྡོ”ཞེས་བརྗོད་སྲོལ་ཡོད་པའི་བྱ་ཀྲུའུ་ཧོན་ནི་འཛམ་གླིང་ཐོག་གི་གནའ་བོའི་བྱ་རིགས་གྲས་ཤིག་ཡིན་པ་དང་། དེ་སྔ་ཨུ་རུ་སུ་དང་། ཧན་གོ རི་པིན། ཀྲུང་གོ་བཅས་སུ་འཚོ་སྡོད་བྱེད་མྱོང་བ་དང་། དུས་རབས་ཉི་ཤུ་པའི་དུས་དཀྱིལ་ནས་བཟུང་དམག་འཁྲུག་དང་། རྔོན་རྒྱག སྣོད་བཅུད་ལ་གཏོར་སྐྱོན་བཏང་བ་སོགས་རྐྱེན་པས་རྩ་ཆེའི་བྱ་རིགས་དེའི་འཚོ་གནས་ཁུལ་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ནས་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད། ཨུ་རུ་སུ་དང་། ཧན་གོ རི་པིན་བཅས་རྒྱལ་ཁབ་ཀྱིས་ཀྱང་བྱ་ཀྲུའུ་ཧོན་རྩ་བ་སྟོངས་པའི་ཁྱབ་བསྒྲགས་བྱས་ཡོད། 1981ལོའི་ཟླ་5ཚེས་23ཉིན་ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་སུའོ་བྱ་ཀྲུའུ་ཧོན་བརྟག་དཔྱད་ཚོགས་ཆུང་གིས་ལོ་གསུམ་གྱི་དུས་ཚོད་ནང་ཡང་རྫོང་ཡའོ་ཅ་ལུང་ཤུར་དུ་བདག་ཏུ་མ་བཟུང་བའི་བྱ་ཀྲུའུ་ཧོན་7རྙེད་ཅིང་། འདི་ནི་བྱ་ཀྲུའུ་ཧོན་བཟའ་ཚོ་གཉིས་ཀྱིས་བྱ་ཚང་ནང་གི་བྱ་ཕྲུག་ལ་ལྟ་སྐྱོང་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།