[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཞབས་འདེགས་ཧུར་ཐག་ཞུ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    517959_yis_1527825076157.jpg

    ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་སྤེལ་ཚུན། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་དང་མང་ཚོགས་ཀྱི་འདུན་པ་ཕྲག་ཏུ་ཁུར་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོར་ཧུར་ཐག་བསྐྱོད་པ་དང་། གཞི་རིམ་གྱི་གནད་དོན་དངོས་ཐག་གཅོད་བྱེད་རིང་འབད་འབུངས་ཆེར་སྐྱེད་ཀྱིས་འཇོན་ཐང་ཆེ་རུ་བཏང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རིང་རིན་ཐང་མངོན་དུ་གྱུར་པ་དང་མི་ཚེའི་དོན་སྙིང་ཆེ་རུ་བཏང་བས། གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འཆར“རྟོགས་མཁན”དང་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི“གྲོཌ་པོ་བློས་ཐུབ”ཅིག་ཏུ་གྱུར་ཅིང་། འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་དུ་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་དོན་རུ་མིས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་དུད་ཚང་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།