[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་། ཤང་དང་གྲོང་རྡལ། སློབ་གྲྭ གཞུང་ཁོངས་ཁེ་ལས་བཅས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཙོ་རྐང་དུ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱིས་བཏོན་པའི“དེ་བས་བཅུའི”སློབ་གསོའི་དམིགས་ཚད་ལ་དམ་པོར་གཞིགས་ནས་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་སོགས་ལ་དམིགས་ཏེ་རྒྱ་ཁྱབ་ངང་སྒྲོག་འགྲེལ་ཏན་ཏིག་བྱས་པས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཁོར་ཡུག་བཟང་པོ་ཞིག་མྱུར་དུ་བཏོད་པ་མ་ཟད། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་བསྒྲིལ་ཐུབ་ཅིང་།

    517597_yis_1527745487616.jpg

    འདི་ནི་ཉེ་ཆར་རྒྱལ་རྩེ་རྫོང་མྱང་སྟོད་ཤང་རྟ་ར་གྲོང་ཚོས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུ་འཚོག་བཞིན་པ།

    517599_yis_1527745489488.jpg

    འདི་ནི་ཉེ་ཆར་གམ་པ་རྫོང་ལུང་རོང་ཤང་དར་རྒྱས་གྲོང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་འཚོག་བཞིན་པ།

    517598_yis_1527745488505.jpg

    འདི་ནི་ཉེ་ཆར་རྣམ་གླིང་རྫོང་ཁྲིམས་འཛིན་ཅུས་ཀྱིས་ལུ་གུ་གདོང་གྲོང་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་གྲོང་གསེབ་ཏུ་བཅའ་ཁྲིམས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།