[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྷ་ས་གྲོང་ཁྱེར་མ་ཡུར་གྱི་ཤར་ངོས་དུམ་བུར་སྣོད་བཅུད་ཆུ་ལམ་སྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-07

    519496_yis_1528260715843_s.jpg

    ལྷ་ས་གྲོང་ཁྱེར་མ་ཡུར་གྱི་ཤར་ངོས་དུམ་བུའི་ཕྱོགས་བསྡུས་བཅོས་སྒྲིག་དང་སྣོད་བཅུད་བཅོས་སྐྱོང་རྣམ་གྲངས་དེ་ནུབ་ནས་གཙང་བྲན་ལམ་དང་འདམ་ར་དཀྱིལ་ལམ་གྱི་ལམ་མདོ་དང་ཤར་དུ་གྲོང་ཁྱེར་ཤར་འདབས་ཀྱི་གད་སྙིགས་དབོར་འདྲེན་ས་ཚིགས་བར་རེད། རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་གསོན་ཤུགས་དང་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་སྣོད་བཅུད་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ལ་བརྟེན་ནས་མཛེས་ལྗོངས་ཇུས་འགོད་བྱས་ཏེ་སྣོད་བཅུད་སླར་གསོ་དང་གྲོང་ཁྱེར་ཉམས་གསོ་བྱེད་བཞིན་ཡོད། རྣམ་གྲངས་དེར་མཛེས་ལྗོངས་ལས་གྲྭ་དང་། ཆུ་ཡུར་ལས་གྲྭ ལྗང་མདོག་ལས་གྲྭ ལྷན་སྦྱར་སྒྲིག་བཀོད་ལས་གྲྭ་སོགས་ཚུད་ཡོད་པ་དང་དེའི་རྒྱ་ཁྱོན་མུའུ་84.59ཟིན་པར་ཁྱོན་མ་དངུལ་སྒོར་ཁྲི་9557ལྷག་ཙམ་བཏང་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་མ་ཡུར་ཤར་ངོས་དུམ་བུའི་ཕྱོགས་བསྡུས་བཅོས་སྒྲིག་དང་སྣོད་བཅུད་བཅོས་སྐྱོང་རྣམ་གྲངས་ཀྱི་ཨར་རྒྱག་ཚན་པས་ཆུ་ཡུར་སྐྲུན་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།