[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བདེ་སྐྱིད་ཀྱི་འཛུམ་མདངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-14

    511169_yis_1526186885050_s.jpg

    རྣམ་གླིང་རྫོང་ཨེ་མ་ཤང་སླེའུ་ཀོག་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་གྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་གྲས་ཤིག་རེད། 2014ལོ་ནས་བཟུང་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་950བཏང་སྟེ། རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ལག་ལེན་བསྟར་ནས་བོད་ལུགས་གྲོང་མིའི་སྡོད་ཁང་22བསྐྲུན་པ་དེས་རྒྱ་ཁྱོན་མུའུ་35བཟུང་བ་དང་། གྲོང་ལྷན་དང་། བུ་བཅོལ་ཁང་། ཚད་ལྡན་འཕྲོད་བསྟེན་ཁང་བཅས་བསྐྲུན་པ། གྲོང་ཚོར་གཞུང་ལམ་སྨི་5000ཙམ་དང་སྨི་ངོས་གྲུ་3000ཟིན་པའི་བྱེད་སྒོའི་ཐང་ཆེན་བསྐྲུན་པ། རྩྭ་རྩི་ཤིང་སྨི་ངོས་གྲུ་6000བཏབ་པ། ཆུ་ཀ་ལ་དང་ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་བཅས་ལས་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དེ་གཞིས་རྩེ་གྲོང་ཁྱེར་ཙམ་མ་ཟད་ཐ་ན་ལྗོངས་ཡོངས་ཀྱི་གནས་སྤོས་དབུལ་སྐྱོར་གྱི་དཔེ་སྟོན་ས་ཚིགས་ཤིག་ཏུ་གྱུར་ཡོད་ཅིང་། འདི་ནི་ཉེ་ཆར་གྲོང་ཚོ་དེའི་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་དགའ་སྤྲོའི་ངང་སློབ་ཚན་ཉན་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།