[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གློག་འབྱོར་བས་གྲོང་མིའི་ངོ་གདོང་ལས་འཛུམ་མདངས་འཕྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-15

    500486_yis_1523440656285_s.jpg

    འདི་ནི་གློག་བཏང་རྗེས་གློག་ལས་བཟོ་པས་གྲོང་མིའི་ཁྱིམ་དུ་གློག་ལ་ལྟ་བའི་གནས་ཚུལ་ཡིན་པ།

    500487_yis_1523440657439_s.jpg

    འདི་ནི་གློག་མ་བཏང་གོང་། གློག་ལས་བཟོ་པས་གློག་སྐུད་ལ་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དར་དམར་རང་བྱུང་གྲོང་ཚོས་གློག་དྲ་ཆེན་པོ་སྦྲེལ་མཐུད་བྱ་རྒྱུའི་རེ་འདུན་ལོ་ཤས་ཞུས། ཕྱོགས་ཁག་གིས་བཀོད་སྒྲིག་བྱས་པ་བརྒྱུད་རྣམ་གྲངས་དེ་ཤིན་ཀྲོའུ་གློག་གཏོང་ཀུང་སིའི་བོད་སྐྱོར་ལས་དོན་པའི་ཕྲག་ཐོག་ཏུ་བབས། ཁོང་ཚོས་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་ཇུས་འགོད་ལེགས་སུ་གཏོང་བ་དང་གྲོང་མི་དང་གྲོང་སྡོད་ལས་བྱེད་པ་དང་སྤེལ་རེས་ཐེངས་མང་བྱས་རྗེས་མཐར་གློག་ཤིང་53གསར་འཛུགས་བྱས་པ་དང་། ཆན་ཕུའུ་10ཡི་གློག་སྐུད་སྤྱི་ལེ་2.02དང་གློག་ཆུང་གློག་སྐུད་སྤྱི་ལེ་2.018ཀྱི་སྒྲོམ་བསླངས་པ། ཆན་ཕུའུ་ཨན་80ཡི་གློག་སྒྱུར་ཡོ་བྱད་2བཙུགས་པས་ཁྱིམ་ཚང་29ལ་གློག་གཏོང་ཐུབ་པ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།