
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སུར་པན་ཕྱེ་མ་ལས་སྣོན་དང་། སྤོས་ཐོན་སྐྱེད། གོང་མོ་གསོ་བ། མི་རིགས་ཀྱི་གྱོན་གོས་ལས་སྣོན་སོགས་ཚུད་པའི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་བ་དང་རང་ཡུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་མ་ནུས་ལྡན་བཏང་བར་བརྟེན། ཞིང་འབྲོག་པ་དབུལ་སྒྲོལ་ཡོང་ཆེད་སྟོབས་ཤུགས་ཆེན་པོ་བསྣན་ཞིང་། འདི་ནི་མངའ་རིས་ས་ཁུལ་སྒར་རྫོང་སུར་ཕྱེ་ལས་སྣོན་བཟོ་གྲྭའི་ལས་མིས་ཐོན་རྫས་ཐུམ་སྒྲིལ་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།