[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁྱད་ལྡན་ལ་བརྟེན་ནས་འབབ་འཕར་གྱི་འབྲས་བཟང་བཏོད་།

    ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    490465_yis_1520931189387_s.jpg

    ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས“སྐུལ་འདེད་གསུམ”གྱི་འཐབ་ཇུས་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་འབྲེལ་ཡོད་སྡེ་ཚན་གྱི་ཐུན་མོང་འབད་བརྩོན་འོག“སྐུལ་འདེད་གསུམ”གྱི་རྣམ་གྲངས་གལ་ཆེན་ལ་གྲུབ་འབྲས་རགས་ཙམ་ཐོབ་ནས་ཁྱད་ལྡན་དང་ཐོན་ཁུངས་ཀྱི་ལེགས་ཆ་གཞན་སྒྱུར་བྱ་རྒྱུ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་ཅིང་། འདི་ནི་ལྷོ་བྲག་རྫོང་གི་གཉེར་སྐྱོང་ཕན་འབྲས་ལེགས་པོ་ཡོད་པའི་སྨན་རི་མཉམ་ལས་ཁང་གིས་ཞིང་འབྲོག་པར་ཡོང་འབབ་བགོ་བཤའ་རྒྱག་བཞིན་པ།

    “ད་ལྟ་གྲོང་ཚོ་ཡོངས་ཀྱི་དུད་ཚང་67དང་་མི་222ཚང་མ་རྒྱ་ཆེ་བའི་སྡོད་ཁང་གསར་པའི་ནང་སྤོས་པ་དང་ཁྱིམ་ཚང་ཚང་མར་གློག་ཆས་སྣ་ཁ་འཛོམས་ལ། མི་ཚང་མའང་ཕྱི་ཕྱོགས་སུ་ལས་མིར་སྐྱོད་ཀྱི་ཡོད་པས་ལྟོ་གོས་འཛོམས་ལ་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཚེ་སྨད་གྲོང་ལྷན་གྱི་གྲོང་མི་ཚེ་རིང་གིས་དགའ་ཚོར་གྱིས་ཁེངས་བཞིན་བཤད་བྱུང་།

    2016ལོར་ཚེ་སྨད་གྲོང་ལྷན་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་13504ཟིན་པ་དང་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1400ལྷག་ཙམ་ཟིན་ཡོད།

    ལོ་ཤས་གོང་ཚེ་སྨད་ནི“འཕྲིན་གཏོང་ཤར་གཏོང་མི་ཐུབ་པ་དང་། འགྲིམ་འགྲུལ་འཕྲུལ་འཁོར་སྤྱིར་ན་མེད་པ། གྲོང་མིའི་འཚོ་བ་སྐྱོབ་གསོར་བརྟེན་དགོས་པ”དང་མཉམ་སྡེབ་མ་དངུལ་སྒོར་500ལས་མེད་པའི་གྲོང་ཚོ་དབུལ་པོ་ཞིག་རེད།

    གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་དེ་དག“སྐུལ་འདེད་གསུམ”གྱི་འདུ་འགོད་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་ཡིན།

    ཐོན་ལས་རྟེན་གཞི་འཕེལ་རྒྱས་ཆེན་པོ་ཕྱིན་པ།

    ལེགས་པོ་ཇ་རར་སྐྱོད་སྐབས་མཁའ་རླུང་ཁྲོད་ཇ་ལོའི་དྲི་ཞིམ་འཐུལ། བཟོ་པས་ཇ་ལོ་འཐུ་བ་དང་ཉི་སྐམ་བཏང་རྗེས། ལས་སྣོན་བཟོ་གྲྭའི་བཟོ་པ་ཚོས་དུག་སེལ་དང་སྲོ་སྐམ་གཏོང་གི་ཡོད།

    1971ལོར་བཙུགས་པའི་མཚོ་སྣ་རྫོང་གི་ལེགས་པོ་ཇ་ར་དེ་ད་ལྟ་རྒྱ་ཁྱོན་སྨི་ངོས་གྲུ་600ཟིན་པའི་ཇ་ལོ་ལས་སྣོན་རྟེན་གཞིར་གྱུར་བ་དང་ཇ་ལོ་འདེབས་ཁྱོན་མུའུ་693ཟིན་པའི་ཁྲོད་2017ལོར་ཇ་ལོ་མུའུ་671ནས་རིམ་བཞིན་ཇ་ལོ་འཐུ་འགོ་ཚུགས་ཡོད།

    ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ནས་དང་། ཞོག་དམར། སྒོ་ང་། ཇ་ལོ། རྒུན་འབྲུམ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་མང་གི་ཐོན་སྐྱེད་ལས་སྣོན་རྟེན་གཞི་བཙུགས་ཡོད།

    “སྐུལ་འདེད་གསུམ”གྱི་རྣམ་གྲངས་ཞིང་འབྲོག་པ་འབབ་འཕར་ཡོང་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད།

    མིག་སྔའི་བར་ལྷོ་ཁའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལྗོངས་ནང་ཁུལ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་བྲིན་ཚོང་ས་ཚིགས་བརྒྱ་གྲངས་བཙུགས་ཡོད།

    ཐོན་ལས་འཕེལ་རྒྱས་ཀྱིས་སྣེ་ཁྲིད་ཤུཌ་ཆེན་བྱས་པ།

    “སྐུལ་འདེད་གསུམ”གྱི་ལས་དོན་སྤེལ་བ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་དང་། སྤུས་རྟགས། ཚོང་རྟགས་བཅས་ཕྱོགས་གང་ས་ཅི་ཐད་ལ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད།

    ཐོན་རྫས“ཕྱིར་གཏོང”བྱས་ནས་ལྷོ་ཁའི་ཁྱད་ལྡན་ཐོན་རྫས་ཀྱི་སྙན་གྲགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    2016ལོ་བར་ལྷོ་ཁ་གྲོང་ཁྱེར་ནས་ལྗོངས་ཕྱིའི་འགྲེམས་ཚོགས་སྣ་ཚོགས་ལ་ཞུགས་མཁན་ཁེ་ལས་22ཟིན་པ་དང་ཐོན་རྫས་ཀྱི་སྣ་ཁ་རིགས་53ཟིན་ནས་ཁྱོན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་50ལྷག་ཙམ་ཟིན་ཡོད།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་དུ“རྫོང་ཚང་མར་ཐོན་ལས་ཡོད་པ་དང་། ཤང་ཚང་མར་ཐོན་རྫས་ཡོད་པ། མི་ཚང་མས་སྤུས་རྟགས་ལ་དོ་སྣང་བྱེད་པ། མི་ཚང་མས་ཚོང་རྟགས་ལ་ཞིབ་འཇུག་བྱེད་པ། མི་ཚང་མས་འཐུམ་སྒྲིལ་ལ་དོ་སྣང་བྱེད་པ”བཅས་ཀྱི་འདུ་ཤེས་གསར་པ་ཆགས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱད་ལྡན་ཐོན་རྫས་ལ་ཚོང་རྟགས་དང་འཐུམ་སྒྲིལ་ཡོད་པ་བྱས་ཡོད།

    ཁྱད་ལྡན་ཐོན་རྫས་ཀྱི་རིམ་པ་མཐོ་རུ་ཕྱིན་པ།

    བྱས་པའི་རྗེས་ཡོད་པའི་ཧུར་སེམས་ཐོག་ནས་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་གྱིས་ཁྱད་ལྡན་ཐོན་རྫས་རིམ་སྤོར་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱས་པ།

    “2017ལོར་ང་ཚོས་གོང་དཀར་གྱི་ཟངས་ཆས་ལས་སྣོན་ཐོན་ལས་སྐུལ་སྤེལ་རྣམ་གྲངས་ལག་བསྟར་བྱས་པ་དང་འཕྱོངས་རྒྱས་ཀྱི་ཆང་ཁྱིམ་ནས་ཆང་ལས་སྣོན་རྣམ་གྲངས་ལ་དུས་འགོའི་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་དང་འབྲེལ། ན་ནིང་གི་མཐུད་སྐྲུན་རྣམ་གྲངས་ལ་མུ་མཐུད་དམ་འཛིན་ནན་པོ་བྱས་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་གྱི“སྐུལ་འདེད་གསུམ”གཞུང་ལས་ཁང་གི་ལས་དོན་པ་ཀྲའོ་མིང་གིས་བཤད་བྱུང་།

    དེང་གི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་མཐུད་འཛུགས་རྣམ་གྲངས་ལ་དམ་འཛིན་ནན་པོ་བྱས་ཡོད།

    གོམ་སྟབས་རྗེས་མར། ལྷོ་ཁ་གྲོང་ཁྱེར་གྱིས་ལྷ་ས་ནས་ལྷོ་ཁ་བར་གཞི་གཅིག་ཅན་གྱི་འཕེལ་རྒྱས་གོ་སྐབས་སུ་བྱས་ཏེ་ལྷ་ས་ས་གཙང་ལྷད་མེད་ཐོན་ལས་དང་སྦྲེལ་མཐུད་བྱས་ནས་ལྷོ་ཁའི་ཞིང་འབྲོག་ཐོན་རྫས་དང་ལག་ཤེས་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུར་སྣོན་རིན་ཐང་ཆེ་རུ་ཧུར་ཐག་གཏོང་རྒྱུ་དང་ཆབས་ཅིག་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ལྗང་མདོག་ཐོན་རྫས་ཚོང་གཉེར་བྱེད་སྟངས་གསར་གཏོད་དང་ཕན་འབྲས་གཙོ་བོར་འཛིན་པ་དང་སྤུས་ཚད་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་ལྗང་མདོག་སྐྱེད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་གཏོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།