[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གངས་ལྗོངས་ས་མཐོའི་ངོ་མཚར་སྣོད་བཅུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིམ་ཁག་སྲིད་གཞུང་གིས་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལ་དམིགས་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་འཕེལ་རྒྱས་དང་། འཁོར་སྐྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་ལ་རང་འགུལ་ངང་སྐུལ་འདེད་བཏང་སྟེ་བོད་ཀྱི་སྔོ་ཞིང་དྭངས་པའི་རི་ཆུ་རྒྱུན་གནས་ཐུབ་པ་དང་མཁའ་རླུང་རྒྱུན་དུ་གཙང་མ་ཡོང་རྒྱུ་འགན་ལེན་བྱས་པ་མ་ཟད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད། མིག་སྔར་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིམ་བཞིན་མང་དུ་ཕྱིན་པ་དང་དུས་མཚུངས་དུས་བྱ་སྣ་ཚོགས་དགུན་སྒྲོལ་བྱེད་པའི་དགའ་ཚལ་ཞིག་ཏུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་གྲངས་གཞི་གཞིར་བཟུང་། མིག་སྔར་བོད་འདི་ཉིད་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱེད་པའི་ས་ཆ་ཆེ་ཤོས་སུ་གྱུར་བ་དང་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཡང་5700ནས་ད་ལྟའི་14000ལྷག་ཙམ་བར་མང་དུ་ཕྱིན་པས་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་སྤྱི་འབོར་གྱི་80%ཡན་བཟུང་ཡོད།

    བོད་ཀྱི་སྣོད་བཅུད་ཐོན་ཁུངས་ཇེ་ལེགས་སུ་འགྲོ་བ་དང་བོད་དུ་དགུན་སྒྲོལ་བྱེད་པར་ཡོང་བའི་དུས་བྱའང་ཇེ་མང་དུ་སོང་ཡོད། ལོ་རེའི་ཟླ་11པར་དུས་བྱ་དེ་དག་རི་ཀླུང་མང་པོ་བརྒལ་ནས་བོད་དུ་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད། ཉེ་ཆར་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོང་ནས་ཁྲུང་ཁྲུང་མགོ་ཁྲ་དང་། ངང་སེར། བྱ་གག་གཤོག་ལྗང་། ངང་པ་མགོ་ལྗང་སོགས་དཀོན་ལ་རྩ་ཆེ་བའི་བྱ་རིགས་བཅུ་ཕྲག་ལྷག་ཙམ་དང་མཉམ་དུ་དགུན་སྒྲོལ་བྱེད་ཀྱི་ཡོད།

    488500_yis_1520403020569.jpg

    འདི་ནི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་དགུན་སྒྲོལ་བྱེད་པའི་དུས་བྱ་ཡིན་པ།

    488495_yis_1520403002021.jpg

    འདི་ནི་སྟག་མགོ་ཆུ་མཛོད་རྒྱུད་དུ་དུས་བྱས་ཞོགས་པའི་མཚམས་སྤྲིན་ཁྲོད་འཕུར་བཞིན་པ།

    488501_yis_1520403025312.jpg

    འདི་ནི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་དགུན་སྒྲོལ་བྱེད་པའི་དུས་བྱ་ཡིན་པ།

    488498_yis_1520403012254.jpg

    འདི་ནི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་དགུན་སྒྲོལ་བྱེད་པའི་དུས་བྱ་ཡིན་པ།

    488497_yis_1520403009727.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་རྒྱུད་ཀྱི་ཞིང་ནང་དུ་འཚོ་གནས་བྱེད་པའི་ཁྲུང་ཁྲུང་མགོ་ཁྲ་ཡིན་པ།

    488499_yis_1520403016466.jpg

    འདི་ནི་སྟག་མགོ་ཆུ་མཛོད་རྒྱུད་ཀྱི་ངང་སེར་ཁྱུ་ཡིན་པ།

    488496_yis_1520403005609.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་གནས་བྱེད་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།