[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལས་གཏོད་ཕྱུག་འགྱུར་བྱས་ནས་ཕྱོགས་གཅིག་སྐུལ་ཁྲིད་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

    497583_yis_1522732500621.jpg

    2012ལོའི་ཟླ་9པར་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་གྱི་ཉི་མས་གྲོང་རྡལ་སྲིད་གཞུང་གི་རོགས་རམ་འོག་ཤོ་ཁ་གྲོང་ཚོར་སྨན་གླིང་གྲོང་རྡལ་གྱི་ཉི་མ་དམར་པོའི་ཁྱིམ་ཚང་གི་ཚན་རྩལ་དཔེ་སྟོན་ཞིང་ར་བཙུགས་ཡོད། 2016ལོར་ཉི་མས་གྲོང་རྡལ་གྱི་དུད་ཚང་དབུལ་པོ་15ཡི་མི་གྲངས་55དེ་དག་ཁྱིམ་ཚང་གི་ཞིང་རའི་རོགས་སྐྱོར་བྱ་ཡུལ་གཙོ་བོར་བརྩིས་ནས་དུད་ཚང་དབུལ་པོར་ཀོ་ཤ་དང་མཱ་ཁ་འདེབས་འཛུགས་ཀྱི་ཞབས་འདེགས་རབ་དང་རིམ་པ་ཞུས་པ་རེད། ད་ཆ་ཞིང་ར་དེར་འགྱིག་ཤོག་དྲོད་ཁང་ཆེན་པོ་38ཡོད་པ་དང་2017ལོར་ཡོང་འབབ་སྒོར་ཁྲི་190ཟིན་པའི་ཁྲོད་ཡོང་འབབ་ཁེར་གཙང་སྒོར་ཁྲི་40ཡོད་པ་དང་ཉེ་འགྲམ་གྱི་མང་ཚོགས་ཚོར་ལས་ཞུགས་ཀྱི་ལས་གནས་30ལྷག་ཙམ་མཁོ་འདོན་བྱས་ཡོད་ཅིང་། འདི་ནི་ཉི་མ་དང་ཞིང་རའི་ལས་མིས་ཤ་མོའི་རིགས་ཐོན་སྐྱེད་བྱེད་པའི་མ་བཅོས་རྒྱུ་ཆ་བེ་ཤིང་སྐེམ་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།