[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་ཆབ་མདོའི་རིམ་མཐོའི་གཞུང་ལམ་ཐོག་མ་དེ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཟླ་3ཚེས་9ཉིན། རྒྱལ་ལམ་214ཡི་ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་སྐྲུན་འགོ་ཚུགས་ཤིང་། འདི་ནི“བོད་ཀྱི་ཤར་སྒོ་ཆེ་མོ”ཞེས་བརྗོད་པའི་ཆབ་མདོ་གྲོང་ཁྱེར་དུ་སྐྲུན་ཐེངས་དང་པོའི་གཞུང་ལམ་ཞིག་ཡིན་པ་མ་ཟད། བོད་ཀྱིས་བསྐྲུན་པའི་རིམ་མཐོའི་གཞུང་ལམ་རྣམ་གྲངས་ཨང་བརྒྱད་པ་དེ་ཡང་ཡིན་པ་རེད།

    སྤང་མདའ་གནམ་ཐང་ནི་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་ཞིག་ཡིན་པ་དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4334ཡོད། ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལམ་དུམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་26.9ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཡིན་ཞིང་། ཟླ་བ་24ནང་བསྐྲུན་ཟིན་པ་བྱ་རྒྱུ་རེད།

    489942_yis_1520827844312.jpg

    འདི་ནི་ཟླ་3ཚེས་10ཉིན། ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལམ་དུམ་ལས་གྲྭའི་ལས་ཡུལ་དུ་བཟོ་པ་ཚོས་ལྕགས་སྒྲོམ་བཟོ་བཞིན་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།