[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཚོགས་འདུ་གཟབ་རྒྱས་ཐོག་འཆར་གཞི་ལེགས་པར་བཀོད། ས་མཐོའི་བུད་མེད་ཀྱི་ཉམས་འགྱུར་གང་ལེགས་མངོན།

    —— “གསུམ་བརྒྱད” རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སྐབས་ས་མཐོའི་བུད་མེད་ཀྱི་ཉམས་འགྱུར་མངོན་པའི་པར་རིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-11

    རྒྱལ་ཡོངས་ཀྱི་གོང་འོག་ཀུན་གྱིས་ཚོགས་འདུ་གཉིས་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བའི་དུས་སུ་ང་ཚོས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་བསུས་ཤིང་། བུད་མེད་ཚོའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་ཕྱིན་པ་དང་ཆབས་ཅིག་བོད་ཀྱི་བུད་མེད་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་ཚད་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་གཞི་རིམ་མི་དམངས་འཐུས་མི་འདེམས་བསྐོ་ཐེངས་དང་པོ་བྱས་པ་ནས་བཟུང་སྐབས་རིམ་བྱུང་གི་སྐབས་བརྗེའི་འདེམས་བསྐོའི་ནང་བུད་མེད་ཞུགས་ཚད་90%ཡན་ཟིན་ཡོད། འཇོན་ཐང་ལྡན་པ་དང་། རིག་གནས་ཡོད་པ། ལེགས་སྐྱེས་ཡོད་པ་བཅས་ཀྱི་བུད་མེད་ཁག་གཅིག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཏེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བྱ་བར་དོ་དམ་བྱེད་པའི་ནང་ཞུགས་ནས་བོད་ཀྱི་འཕེལ་རྒྱས་ཆེད་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་། ལྗོངས་ཡོངས་ཀྱི་བུད་མེད་རྣམས་རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་གཙོ་བོ་ཁག་ནང་ཁྱབ་ཡོད།

    ཕྱོགས་ཡོངས་ནས་དུས་སྐབས་གསར་པའི་བོད་ཀྱི་བུད་མེད་ཚོའི་དོན་གཉེར་དང་འབད་འཐབ་དམིགས་ཚད་ལ་དམིགས་པ་དང་ས་མཐོའི་བུད་མེད་ཚོའི་དུས་རབས་གསར་པའི་ཉམས་འགྱུར་གསར་པ་དང་བྱས་རྗེས་གསར་པ་མངོན་ཆེད། ང་ཚོས་པར་རིས་ཀྱི་ཐོག་ནས་བོད་ཀྱི་བུད་མེད་ཚོས་ལས་རིགས་ཁག་ནང་ལག་གཉིས་ལ་བརྟེན་ནས་འབྱུང་འགྱུར་བཏོད་པའི་རྣམ་པ་མཚོན་པར་བྱ་རྒྱུ་ཡིན། ངལ་རྩོལ་དུས་ཆེན་སྐབས་པར་རིས་དེ་དག་ཐོག་ནས་གངས་ལྗོངས་ས་མཐོའི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་ཡོད་པའི་བུད་མེད་ཚོར“ཉི་འོད་ཀྱིས། འཛམ་གླིང་ལ་དྲོ་སྐྱིད་སྦྱིན། མེ་ཏོག་གིས། འཚོ་བར་སྤྲོ་སྣང་སྦྱིན། བུད་མེད་ཀྱིས། འཚོ་བ་མཚར་སྡུག་རྣམ་པར་བཀྲ་བར་འགྱུར”ཞེས་པའི་སྙན་ངག་དུམ་བུ་དེ་འབུལ་རྒྱུ་ཡིན།

    489407_yis_1520658412441.jpg

    རྒྱལ་རྩེ་ཕན་ཐོགས་པང་གདན་འཐག་ལས་ཁང་གི་སྦྱིན་བདག་ཕན་ཐོགས་ཀྱིས(གཡོན་གྱི་དང་པོ)རང་ཉིད་ཕྱུག་པོ་ཆགས་རྗེས་ཡུལ་མི་རྣམས་མ་བརྗེད་པར་ས་གནས་དེ་གའི་བུད་མེད་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ།

    489413_yis_1520658418712.jpg

    བདེ་སྐྱིད་འཚོ་བའི་འཛུམ་མདངས་འཕྱུར།

    489409_yis_1520658414500.jpg

    རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཆེད་ལས་དགེ་རྒན་གྱི་ཁྲིད་སྟོན་འོག་གྲོགས་པོ་ཆུང་ཆུང་ཚོས་ནན་ཏན་ངང་ཞབས་བྲོ་སྦྱོང་བ།

    489412_yis_1520658417730.jpg

    བུད་མེད་ཀྱིས་དབང་ཆ་སྤྱོད་པ།

    489411_yis_1520658416840.jpg

    ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་ལྷོ་སློབ་འབྲིང་གི་བུད་མེད་དགེ་རྒན་གྱིས་སློབ་མ་རྣམས་ལ་རོལ་དབྱངས་སློབ་ཚན་འཁྲིད་བཞིན་པ།

    489410_yis_1520658415936.jpg

    དར་སོར་དང་དོད་ཆེ་བའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་བུད་མེད།

    489408_yis_1520658413549.jpg

    ཟླ་3ཚེས་6ཉིན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་ཚོགས་པའི་བུད་མེད་འཐུས་མི་ཚོས་བཞུགས་གནས་སུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།