[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དམངས་ཡོངས་ཀྱིས་མཉམ་དུ་མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-03

    0227ht1.jpg

    ཡར་ལྷ་ཤམ་ཆུས་མཚར་སྡུག་འོད་སྟོང་འབར་བའི་ཡར་ཀླུང་རིག་གནས་སྐྱེད་སྲིང་བྱས་ཡོད་ལ་ལྷོ་ཁའི་མི་དམངས་ཀྱི་མ་ཡུམ་གཙང་པོའང་རེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ལྷ་ཤམ་ཆུ་སྲུང་སྐྱོང་བྱ་ཆེད་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ནས“ཡར་ལྷ་ཤམ་ཆུ་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་ལྷོ་ཁ་མཉམ་དུ་འཛུགས་སྐྲུན་བྱེད”ཅེས་པའི་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱ་སྤྱོད་སྤེལ་བ་རེད། བྱ་སྤྱོད་སྤེལ་རིང་རྒྱ་ཆེའི་དང་བླངས་པ་ཚོས་གཙང་པོའི་རྒྱུད་ཀྱི་གྲོང་མིའི་སྡོད་ཁུལ་དང་ཚོང་ཁང་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཚང་མས་བྱ་སྤྱོད་དངོས་ལ་བརྟེན་ནས་མ་ཡུམ་གཙང་པོར་སྲུང་སྐྱོང་བྱས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ལྷོ་ཁ་བསྐྲུན་རྒྱུའི་འབོད་སྐུལ་བྱས་ཤིང་། འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སློབ་འབྲིང་གི་སློབ་མས་གཙང་འགྲམ་དུ་གད་སྙིགས་སྒྲུག་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།