[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཚེ་སྒྲོལ་མ་དང་ཁོ་མོའི་ལུ་གུ

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ལོ་རིམ་དང་པོའི་སློབ་མ་ཚེ་སྒྲོལ་མས་དགུན་ཁའི་གུང་གསེང་སྐབས་སུ་ཉིན་ལྟར་ལུ་གུ་པང་དུ་བཏབ་ནས་གམ་པ་ལའི་རི་རྩེའི་ལྗོངས་གཟིགས་སྟེགས་བུར་ཡོང་འབབ་གསོག་པར་འགྲོ་གི་ཡོད། ཚེ་སྒྲོལ་མའི་ཁྱིམ་ནས་ལྗོངས་གཟིགས་སྟེགས་བུ་བར་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་ཙམ་སྐྱོད་དགོས་ཀྱི་ཡོད། ལོ་གསར་དང་དུས་ཆེན་སྐབས་སུ་ཚེ་སྒྲོལ་མས་ཞོགས་པའི་ཆུ་ཚོད་9པ་ནས་ལུ་གུ་པང་དུ་བཏབ་སྟེ་ཡུལ་སྐོར་བ་སྒུག་ནས་སྡོད་པ་དང་། ལྗོངས་གཟིགས་སྟེགས་བུ་དེར་མཐོ་ཚད་སྨི་5000ཙམ་ཡོད་པས་དགུན་དུས་ཧ་ཅང་གྲང་མོ་ཡོད། ཚེ་སྒྲོལ་མས་དགོང་མོ་ཡུལ་སྐོར་བ་མ་རྫོགས་བར་དེ་གར་སྒུག་ནས་སྡོད་པ་དང་། ཉིན་ལྟར་ལྗོངས་གཟིགས་སྟེགས་བུར་མ་བསྐྱོད་གོང་ལུ་གུར་ལྟོ་ཆས་རྒྱགས་ཚད་སྟེར་བ་མ་ཟད་ཉིན་དགུང་སྟེར་རྒྱུའི་ལྟོ་ཆས་སྒལ་པར་ཁྱེར་ནས་འགྲོ་གི་ཡོད། ལུ་གུ་པང་ལ་བཏབ་ནས་ལྗོངས་གཟིགས་སྟེགས་བུར་སྐྱོད་སྐབས་བུ་མོས་སློབ་དེབ་ཅིག་ཁྱེར་ཏེ་ཡུལ་སྐོར་བ་མང་པོ་མེད་པའི་སྐབས་སུ་ལྗོངས་གཟིགས་སྟེགས་བུའི་མདུན་གྱི་རྡོ་བཀྱག་ཐོག་སློབ་དེབ་བལྟས་ནས་སྡོད་ཀྱི་ཡོད།

    “ཉེ་དུས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་གི་ཡོད་པས་དབྱར་དུས་སུ་སྐབས་འགར་ཉིན་གཅིག་ལ་ཡོང་འབབ་སྒོར་100ཙམ་ཡོང་གི་འདུག”ཅེས་བརྗོད་བཞིན་དུ་ངོ་གདོང་ལས་འཛུམ་མདངས་རྒྱས།

    479465_yis_1517463501475.jpg

    འདི་ནི་ཚེ་སྒྲོལ་མས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལུ་གུའི་བལ་ཤད་བཞིན་པ།

    479464_yis_1517463500617.jpg

    འདི་ནི་ཚེ་སྒྲོལ་མས་གམ་པ་ལའི་ལྗོངས་གཟིགས་སྟེགས་བུར་ཡུལ་སྐོར་བར་པར་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།