[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • པེ་ཅིང་གི་ལྕགས་ལམ་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་ལེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-11

    res07_attpic_brief.jpg

    པེ་ཅིང་གྲོང་ཁྱེར་ལྕགས་ལམ་སྤྱི་བདེ་སྡེ་ཚན་གྱིས་དཔྱིད་གསར་སྐྱེལ་འདྲེན་རིང་། ལས་བཟོ་ཡོངས་ལས་གནས་ཐོག་བསྐྱོད་དེ་བདེ་འཇགས་འགན་ལེན་གྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ་དང་། ལྕགས་ལམ་སྤྱི་བདེའི་ཁོངས་གཏོགས་ཀྱི་མངགས་གཏོང་ཁང་དང་། མེ་འཁོར་ཉེན་རྟོག་པའི་སྡེ་ཚན། དམིགས་བསལ་ཉེན་རྟོག་རུ་ཁག་བཅས་ཀྱིས་འགྲུལ་སྐྱེལ་མེ་འཁོར་དང་། མེ་འཁོར་སྒུག་ས། ལྕགས་ལམ་ལམ་རྒྱུད་བཅས་ལ་བདེ་འཇགས་འགན་ལེན་གྱི་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་བཏང་ནས་ཉེན་ཡོད་དངོས་པོར་ཞིབ་བཤེར་བྱེད་པ་དང་དུས་མཚུངས། ད་དུང་འགྲུལ་པར་ཕྱོགས་ཐོན་བདེ་འཇགས་ཀྱི་བློ་འདྲིའི་ཞབས་འདེགས་ཞུས་ནས་འགྲུལ་པ་རྣམས་བདེ་འཇགས་ངང་ཁྱིམ་དུ་ལོག་སྟེ་དཔྱིད་གསར་དུས་ཆེན་གཏོང་ཐུབ་པའི་འགན་ལེན་བྱས་ཤིང་། འདི་ནི་པེ་ཅིང་ནུབ་ཚུགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མེ་འཁོར་སྒུག་སའི་ཚོམས་ཆེན་དུ་འགྲུལ་པའི་བློ་འདྲིར་ལན་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།